ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོཊ་བསྡོམས་ཚོཊ་འདུ་འཚོཊ་པ།

སྤེལ་དུས 2024-02-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད་བཀོད་སྒྲིག་གནང་བ། ཚའེ་ཆི་ཕྱོགས་བསྡོམས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།
              ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུ་ཚེས4ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད།
              ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་བསྡོམས་སྙན་ཞུ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་ཚུན། ཏང་ཡོངས་ཀྱིས་དགོངས་དོན་སློབ་སྦྱོང་དང་། ཏང་གཤིས་ཤུགས་ཆེར་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འགོ་འཛུགས་ལོའི་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ལྷག་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་། དཀའ་ངལ་ཡོད་པ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན། ཏང་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་བཅས་སེམས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། སྔོན་དཔག་གི་དམིགས་འབེན་ལེགས་སྒྲུབ་བྱུང་བ་དང་། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་འདུག
              ཞི་ཅིན་ཕིང་གིས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བསམ་འཆར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས། ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཏང་ཡོན་ལས་བྱེད་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་མཐའ་འཁྱོངས་ཀྱིས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱ་ཐབས་ཤེས་པ། བློ་གྲོས་འཕེལ་བ་བཅས་བྱེད་པ། རྩ་བ་བརྟན་གཏོང་དང་བློ་སྒྲིལ་སེམས་སྐྱེད་བྱེད་པ་བཅས་བྱས་ཏེ། ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། གནད་དོན་ཐག་གཅོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དག་ཐེར་བཅོས་སྐྱོང་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཐོག མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་ཚོར་དུ་འཇུག་པ་དང་། མི་དམངས་མང་ཚོགས་ལ་ཐོབ་ཚོར་སྐྱེ་རུ་འཇུག་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞི”དོན་འཁྱོལ་བྱེད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པ་བཅས་བྱས་ནས། གཞི་རིམ་གྱི་ཆེད་དུ་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། དངོས་གཉེར་གྱི་སྤྱོད་ཚུལ་དང་། དྭངས་གཙང་གི་སྤྱོད་ཚུལ། བབ་ཆགས་ཀྱི་སྤྱོད་ཚུལ་བཅས་དར་སྤེལ་ཤུགས་ཆེར་བཏང་ནས། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཡག་པོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས། གཞི་རིམ་གྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དོན་འཁྱོལ་བྱ་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། དངོས་སྒྲུབ་ལ་མཐོང་ཆེན། ལས་དོན་ཏན་ཏིག་སྒྲུབ་པ། ཕན་འབྲས་དངོས་གཉེར་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་དེ་བས་ལེགས་པའི་སྒོ་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་འགྱུར་བ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཐོག བྱེད་པོའི་འགན་འཁྲི་འཁུར་ཏེ་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
              ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།
              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ང་ཚོས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་ཞེས་བསྟན་ཡོད།
              ཚའེ་ཆི་ཡིས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པའི་རྒྱུ་མཚན་ནི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཇུས་འགོད་དང་། ཐད་ཀའི་དབུ་ཁྲིད། བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད། དཔེ་སྟོན་སྣེ་ཁྲིད་བཅས་གནང་བས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་སྐུལ་སློང་བཀོད་སྒྲིག་ཀྱང་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོར་གཞིགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་དང་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད། ཡུལ་དངོས་སུ་ཕེབས་ནས་རྟོག་ཞིབ་དང་བརྟག་ཞིབ་ཐེངས་མང་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོར་བླང་བྱ་བཏོན་གནང་བ་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཞིང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་མཛད་ཡོད་ལ་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད་ཅེས་གསུངས་ཡོད།
              ཚའེ་ཆི་ཡིས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོས་དུས་རབས་གསར་པར་ཏང་ནང་ཁུལ་དུ་གཅིག་སྡུད་སློབ་གསོ་སྤེལ་རྒྱུར་ཉམས་མྱོང་གསར་པ་བསགས་ཡོད་ཅིང་། དེའི་ནང་གཙོ་བོ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པ། ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་བ། ཕྱི་ཚུལ་རིང་ལུགས་ནན་གྱིས་སྤང་བ། གོང་གིས་འོག་ལ་དཔེ་སྟོན་སྣེ་ཁྲིད་བྱེད་པ་སོགས་རྒྱུན་འཁྱོངས་བྱས་ནས་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
              ཚའེ་ཆི་ཡིས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཕྱོགས་ཡོངས་ནས་ནན་པོས་སྐྱོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་འཇོན་ནུས་ངོ་མ་ཁོང་དུ་ཆུད་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱས་ནས་ཏང་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཐོག་གཅིག་སྡུད་བྱེད་དགོས། དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དགོས་པ་དང་། “གཞི་རིམ་དུ་བསྐྱོད་པ་བཞིའི”ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། རང་རེའི་ཏང་གིས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་རྒྱས་གོང་འཕེལ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སྒྲིག་ཁྲིམས་བརྟན་པོ་དེ་རྒྱུན་གཏན་གྱི་གོམས་གཤིས་དང་བྱ་སྤྱོད་ཀྱི་ཚད་གཞིར་འགྱུར་བ་བྱེད་པར་སྐུལ་འདེད་གཏོང་དགོས། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་སར་སྤེལ་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་ཡོད།
              ལི་ཀན་ཅེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལི་ཧྲུའུ་ལེ་དང་། ཅང་ཤིན་ཀྲེ། མེའོ་ཧྭ་བཅས་ཚོགས་འདུར་ཞུགས་པ་རེད།
ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་དང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་མི་དམངས་ཚོགས་པ་ཁག ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་དང་མཐོ་སློབ་ཁག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་ཞིང་ཆེན་རིམ་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ་སོགས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།
              ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ན་ནིང་ཟླ4པ་ནས་འགོ་བརྩམས་ཏེ་གོང་ནས་འོག་བར་ཁག་གཉིས་སུ་བགོས་ནས་སྤེལ་ཞིང་། མིག་སྔར་གཞི་རྩའི་ཆ་ནས་མཇུག་བསྒྲིལ་བ་རེད།