དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསེར་རིའི་མི་སྣ།

བོད་རིགས་འབྲོག་པ་སྐལ་བཟང་གིས་ཇོ་རིར་འཛེགས་པའི་གཏམ་རྒྱུད།

སྤེལ་དུས 2020-07-14 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          འདི་ནི་སྐལ་བཟང(དཀྱིལ་གྱི་བྱ་སྤུའི་གྱོན་ཆས་སྔོན་པོ་གྱོན་པ་དེ་ཡིན)དང་གྲོང་མི་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡོད་པའི་སྒར་སར་འོད་སྐུད་དབོར་འདྲེན་གྱི་ཐབས་ཤེས་ལ་གྲོས་བསྡུར་བྱེད་བཞིན་པ།

འདི་ནི་སྐལ་བཟང་གིས་གསར་འགོད་པར་རང་ཉིད་ཇོ་རིར་འཛེགས་པའི་ལག་ཁྱེར་བསྟན་པ།

འདི་ནི་སྐལ་བཟང་དང་གྲོང་མི་གཞན་ཞིག་གིས་འོད་སྐུད་འཐེན་བཞིན་པ།

འདི་ནི་སྐལ་བཟང་རང་ཁྱིམ་གྱི་སྒོ་རའི་ནང་དྲན་རྟེན་པར་རྒྱག་བཞིན་ཡོད་ཅིང་། རྒྱབ་ཀྱི་རི་བོ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ཡིན་པ།
        ཇོ་རིར་འཛེགས་མྱོང་བའི་ལོ་57ལ་སླེབས་པའི་འབྲོག་པ་སྐལ་བཟང་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོར་སྡོད་ཀྱི་ཡོད་ཅིང་། གྲོང་ཚོ་དེ་ནི་ཀྲུང་གོའི་མངའ་ཁོངས་ནང་གི་ཇོ་རི་དང་ཐག་ཉེ་ཤོས་ཀྱི་སྲིད་འཛིན་གྲོང་ཚོའི་གྲས་ཤིག་ཡིན་པ་དེའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5000ཟིན་གྱི་ཡོད་པ་རེད། སྐལ་བཟང་མཐོ་སྒང་གི་འབྲོག་ར་དེར་ལོ་བཅུ་གྲངས་འཚོ་བ་སྐྱེལ་མྱོང་ཡོད།
        སྦྱོང་བརྡར་གང་ཡང་བྱེད་མྱོང་མེད་པའི་འབྲོག་པ་ཞིག་ཇོ་རིར་འཛེགས་པའི་སྐོར་ཐོས་སྐབས་མི་མང་པོ་ཞིག་ཡིད་ཆེས་དཀའ་བར་གྱུར།
        “གོ་མ་མྱོང་ལ་མཐོང་ཡང་མ་མྱོང་། དངོས་གནས་ཡིན་ནམ”ཞེས་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་འབྲེལ་གཏུག་པ་བསོད་ནམས་ཀྱིས་ཧང་བསངས་བཞིན་དུ་བརྗོད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་གཞོགས་བྱང་ངོས་ནས་ཇོ་རིར་འཛེག་པའི་རེ་ཞུ་བྱེད་པར་ཐོབ་ཐང་གི་བླང་བྱ་མང་པོ་ཡོད། རེ་ཞུ་འབུལ་མཁན་ལ་ཆེད་ལས་སྣེ་ཤན་གྱིས་སྣེ་ཁྲིད་དགོས་པ་མ་ཟད། ཉུང་མཐར་ཡང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བརྒྱད་སྟོང་ཡན་གྱི་གངས་རིར་འཛེགས་པའི་ཉམས་མྱོང་ཡོད་དགོས།
        “ཇོ་རིའི་བྱང་སྣེ་ནས་སྐལ་བཟང་འདྲ་བའི་རི་འཛེག་གི་ཉམས་མྱོང་མེད་པའི་མི་འཛེག་ཏུ་འཇུག་གི་མ་རེད”ཅེས་བསོད་ནམས་ཀྱིས་བཤད།
        འོན་ཀྱང་ཇོ་རིར་འཛེགས་པའི་ལག་ཁྱེར་ཐོག་སྐལ་བཟང་གིས་2001ལོར་གྲུབ་འབྲས་ཐོབ་པའི་ངང་ཇོ་རིར་འཛེགས་ཡོད་ཅེས་གསལ་པོར་བྲིས་འདུག
        སྐལ་བཟང་གིས་མིང་ལ་ལུའོ་སའེ་ཟེར་བའི་ཕྱི་རྒྱལ་བའི་རུ་ཁག་ཅིག་དང་མཉམ་དུ་རི་འཛེགས་པ་ཡིན་ཞེས་བརྗོད་བྱུང་།
        1996ལོ་ནས་2007ལོ་བར། ནེའུ་ཙི་ལན་བ་ལོའུ་སའེ་ལོ་ལྟར་ཇོ་མོ་གླང་མའི་བྱང་རྒྱུད་དུ་ཚོང་ལས་ཅན་གྱི་རི་འཛེག་རུ་ཁག་སྒྲིག་འཛུགས་བྱེད་ཀྱི་ཡོད། བོད་ཀྱི་ཆེས་སྔ་ཤོས་ཀྱི་ཚོང་ལས་སྣེ་ཤན་པའི་ནང་གི་མི་མང་པོ་ཞིག་རུ་ཁག་དེར་དངོས་སྦྱོང་བྱེད་མྱོང་ཡོད།
        1997ལོར་སྐལ་བཟང་ཡང་ཕ་ཡུལ་གཅིག་པའི་ཡུལ་མི་ཚོ་དང་འདྲ་བར་རང་ཁྱིམ་གྱི་འབྲི་གཡག་དེད་ནས་ཇོ་རིར་དངོས་ཟོག་དབོར་ཏེ་ལོའུ་སའེ་རུ་ཁག་ལ་ཞབས་འདེགས་ཞུ་གི་ཡོད། 2001ལོར་ཀུང་སིར་གནས་སྐབས་ཀུ་ལི་ཞིག་མཁོ་བར་བརྟེན། སྐལ་བཟང་བདམས་པ་རེད།
        “ཕལ་ཆེར་ངའི་གཟུགས་པོ་ཡག་པས་ཡིན་ཤས་ཆེ”ཞེས་སྐལ་བཟང་གིས་བརྗོད་བྱུང་། དངོས་ཟོག་སྤྱིར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་སྒར་ས་ཆེ་མོ་ནས་སྨི་6500ཡོད་པའི་མདུན་སྐྱོད་སྒར་སར་དབོར་དགོས་ཀྱི་འདུག རི་འཛེག་བ་དཀྱུས་མ་ཞིག་གིས་ཉིན་གཉིས་ནང་གཞི་ནས་དབོར་ཚར་གྱི་ཡོད། ཡིན་ནའང་ཁོང་གིས་ཆུ་ཚོད་ལྔ་དྲུག་ལས་འགོར་གྱི་མེད།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡན་དུ་སླེབས་ན་འཁྱགས་ལམ་ཡིན། བོད་རིགས་སྣེ་ཤན་པས་ཁོང་ལ་འཁྱགས་ལམ་སྒྲོལ་སྟངས་སློབ་པ་ཙམ་གྱིས་དེ་མུར་ཁོང་དུ་ཆུད་ཀྱི་ཡོད།
        དེ་ལྟར། བློ་བཟང་ལ་སྤོབས་པ་དང་ཡིད་ཆེས་སྐྱེས་ལ་ཡུལ་མི་དཀྱུས་མ་ཞིག་ཇོ་རིར་འཛེགས་པའི་གོ་སྐབས་དེ་འདྲ་ཐོབ་ཀྱི་རེད་བསམ་མྱོང་མེད།
        གྲོང་ཚོའི་མི་ལ་ལས་བློ་བཟང་དངོས་འབྲེལ་འཇོན་པོ་བྱུང་ཟེར་མཁན་ཡོད་ལ།  ཡང་ལ་ལས་ཁོ་པ་སྨྱོ་བ་རེད་ཅེས་ཀྱང་ཟེར་མཁན་ཡོད། ལོ་གཉིས་པར། ཁོང་སྔར་བཞིན་ཇོ་རིར་ལས་ཀ་བྱས་ནས་བསྡད།
        ཁོང་ལུའོ་སའེ་རུ་ཁག་ནང་ལས་ཀ་བྱས་ནས་ལོ་བཅུ་སོང་ཞིང་། 2008ལོར་ལུའེ་སའེ་ཡིས་ནེ་པ་ལའི་ཕྱོགས་ཀྱི་ཇོ་རིའི་ལྷོ་རྒྱུད་དུ་གནས་སྤོ་བྱས། ལོ་དེར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རི་ནས་གྲུབ་འབྲས་ཐོབ་པའི་ངང་བརྒྱུད་སྐྱེལ་བྱས། དཔལ་འབར་རི་རྩེར་སླེབས་པའི་འགན་ལེན་བྱ་ཆེད། ཀྲུང་གོའི་བོད་ལྗོངས་ཀྱི་སྣེ་ཤན་པ་ཚོས་རང་ཉིད་ཀྱི་ཚོང་ལས་རི་འཛེག་ཚོགས་པ་བཙུགས་ནས་ནང་སྦྱོང་བྱས། ཕྱིས་སུ་ཁོང་ཚོས་ཇོ་རིའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡོད་སར་ལོ་ལྟར་ཐག་ལམ་བཟོ་བའི་ལས་འགན་འཁུར་བ་དེ་ཐོག་ནས་བོད་ཀྱི་རི་འཛེག་ཚོགས་པའི་ལག་རྩལ་འཇོན་ཐང་ལ་རྒྱལ་སྤྱིའི་ཚོགས་པ་ཁག་གི་ཡིད་ཆེས་ཐོབ་པ་མཚོན་པ་མ་ཟད། བྱང་སྣེའི་རི་འཛེག་དུས་ཚིགས་ཀྱི་གཙོ་ཁྲིད་པར་རིམ་གྱིས་འགྱུར་བ་རེད།
        རི་འཛེག་དོ་དམ་ཉིན་བཞིན་ནན་དུ་འགྲོ་བས། གྲོང་མི་དཀྱུས་མ་ཡིན་ན་སྨི་6500ཡོད་སར་དངོས་ཟོག་དབོར་བ་དང་གད་སྙིགས་གཙང་ཕྱག་བྱེད་པ་སོགས་བདེ་འཇགས་ཐབས་ལམ་ཐོག་ནས་ཡོང་འབབ་གསོག་གི་ཡོད།
        2008ལོའི་རྗེས་སུ་སྐལ་བཟང་ཁྱིམ་དུ་ལོག་ནས་ལོ་འཁོར་མོ་འབྲོག་རར་བསྡད། 2018ལོར་ཁོང་གྲོང་ལྷན་གྱི་ཁོངས་མིར་བདམས་རྗེས། གཞི་ནས་གྲོང་ཚོའི་ནང་སྡོད་པའི་དུས་ཚོད་མང་དུ་སོང་ཡོད། ལོ་ལྟར་གྱི་ཟླ་བཞི་པ་དང་ལྔ་པར་ཤང་གིས་འབྲི་གཡག་འདེད་ནས་རི་འཛེག་རུ་ཁག་གི་དངོས་ཟོག་དབོར་ནས་ཡོང་འབབ་གསོག་པའི་གོ་སྐབས་དེའང་ཁོང་གིས་བུ་ལ་སྤྲད་པ་རེད།
        འདི་ལོ་ཇོ་རིའི་མཐོ་ཚད་འཇལ་ནས་5Gབསྐྲུན་པར་སྐབས་འཕྲལ་ལས་མི་མཁོ་བའི་སྐབས་སུ་སྐལ་བཟང་གིས་སླར་ཡང་ཇོ་རིར་འཛེགས་པ་རེད།
        “གཟུགས་པོ་ཡག་པོ་མེད་ཙང་། རི་ལ་དེ་ཙམ་འཛེག་གི་མེད”སྐལ་བཟང་གི་བུ་ཆུང་བ་བོད་ལྗོངས་རི་འཛེག་སློབ་གྲྭ་འགྲིམ་མྱོང་བས། ཁོང་གིས་ཡིད་སྨོན་ཆེན་པོ་བྱེད་མོད། འོན་ཀྱང“མི་སོ་སོའི་ལས་དབང་མི་འདྲ་བས། ད་ལྟའི་འཚོ་བའང་ཡག་པོ་འདུག”ཅེས་བརྗོད་བྱུང་།
        “ཇོ་རིར་འཛེགས་ཐུབ་པ་ལས་དགའ་ཚོར་ཆེན་པོ་བྱུང་ལ། ངའི་གཟུགས་པོ་ཡག་པོ་ཡོད་པའི་རྟགས་མཚན་རེད”ཅེས་སྐལ་བཟང་གིས་བརྗོད།
རྩོམ་སྒྲིག་པ། སྣང་རྡོར།