དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྱེད་ཀྱིས་རང་གི་ལས་གནས་བརྟན་སྲུང་བྱས། ། ང་ཡིས་ཁྱེད་དང་ལོ་གསར་མཉམ་གཅིག་རོལ། །

སྤེལ་དུས 2021-02-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2021ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་རིང་ལ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་ལས་སྒྲུབ་མི་སྣ་བསྡོམས་རྩིས་བྱས་ཤིང་། ཐང་མིང་ལུང་གིས་སྔར་བཞིན་མིང་ཐོ་སྔ་མོ་ནས་བཀོད་པ་རེད། 
  “ཁྱོད་བདེ་མོ། ང་ཚོ་ནི་ནགས་ཚལ་མེ་གསོད་རུ་ཁག་ཡིན། ཁྱེད་རང་ད་ལྟ་ཉིང་ཁྲི་ནགས་ལས་ཐོན་ཁུངས་སྲུང་སྐྱོང་ཁུལ་དུ་སླེབས་ཟིན།  ཁྱེད་ཀྱིས་མེ་འགོག་དྲིལ་བསྒྲགས་ལག་དེབ་ཞིབ་མོར་ཀློག་འདོན་བྱེད་རོགས། གལ་ཏེ་མེ་སྐྱོན་བྱུང་བའི་གནས་ཚུལ་ཡོད་ཚེ། ནགས་ཚལ་མེ་ཟོན་གྱི་ཁ་པར་ཨང་གྲངས12119ལ་འབྲེལ་བ་བྱེད་རོགས”ཞེས་ཁྲོམ་སྲང་མགོ་མཇུག་བར་གསུམ་དུ་ལི་མདོག་གི་དྲིལ་བསྒྲགས་བྱང་བུ་མཐོང་ཐུབ། ན་ནིང་དང་མི་འདྲ་བ་ཞིག་ནི། ད་ལོའི་མེ་འགོག་དྲིལ་བསྒྲགས་རུ་ཁག་ཏུ“ཁོངས་མི་གསར་པ”གཉིས་ཇེ་མང་དུ་སོང་ཡོད་དེ།  མ་གཞི་མེ་གསོད་རུ་མི་ཐང་མིང་ལུང་གི་བཟའ་ཟླ་དང་ལོ་ལྔ་ཅན་གྱི་བུ་ཆུང་གཉིས་ཀྱིས་ཀྱང་བཀོད་འཐབ་པ་རྣམས་དང་མཉམ་དུ་མེ་འགོག་དྲིལ་བསྒྲགས་བྱེད་ས་རུ་གནས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་ལམ་འགྲོ་བར་མེ་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་པར་མ་ཟད། དྲིལ་བསྒྲགས་ཡི་གེ་སྤྲོད་བཞིན་ཡོད།

           ཐང་མིང་ལུང་དང་བཟའ་ཟླ་བུ་ཆུང་རྣམས་ཀྱིས་མཉམ་གཅིག་ཏུ་མེ་འགོག་དྲིལ་སྒྲོག་བྱེད་བཞིན་པ།
           ཟླ2པའི་ཚེས15ཉིན་གྱི་ཞོགས་པར། ཐང་མིང་ལུང་སྔ་མོ་ནས་རླངས་འཁོར་ར་བའི་ནང་དུ་ཡོང་སྟེ་རླངས་འཁོར་ལ་གྲབས་གཤོམ་ཚ་བཟོ་བྱས་པར་མ་ཟད་གཤིས་ནུས་ལ་ཞིབ་བཤེར་བྱེད་པ་དང་། ཁོའི་བཟའ་ཟླ་དང་བུ་ཕྲུག་གཉིས་ཀྱིས་བཀོད་འཐབ་པ་གཞན་རྣམས་དང་མཉམ་དུ་དེ་རིང་མཁོ་བའི་དྲིལ་བསྒྲགས་ཡི་གེ་གྲ་སྒྲིག་བྱེད་བཞིན་ཡོད། མེ་འགོག་དྲིལ་བསྒྲགས་བྱེད་གནས་སུ། ཐང་མིང་ལུང་གིས་ཕྱོགས་གཅིག་ནས་ནགས་ཁུལ་དུ་བསྐྱོད་པའི་མང་ཚོགས་ལ་མེ་འགོག་རྒྱུན་ཤེས་སྒྲོག་འགྲེལ་བྱེད་པ་དང་། ཕྱོགས་གཞན་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས། ཁོའི་བུ་ཆུང་གིས་ཁོའི་འགྲམ་ནས་མེ་འགོག་ཞྭ་མོ་ཞིག་བླངས་ནས་རླངས་འཁོར་བསྐོར་བའི་ལམ་འགྲོ་མང་ཚོགས་ལ་སྤྲད་དེ། “ཨ་ཁུ། མདུན་ཕྱོགས་ནི་ནགས་ཁུལ་རེད། ནགས་ཚལ་ནི་ང་ཚོའི་གྲོགས་པོ་ཡིན། ཁྱེད་ཉིད་ཀྱིས་ས་སྟོང་དུ་རང་འགུལ་ངང་མེ་བཀོལ་སྤྱོད་མ་བྱེད། ང་ཚོའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་དགོས། མེ་འགོག་ཞྭ་མོ་འདི་ཁྱེད་ལ་ཕུལ་བ་ཡིན། ཁྱེད་རང་ང་ཚོའི་བྱེད་ལས་དངོས་ཀྱི་ནང་དུ་ཞུགས་ཏེ། ནགས་ཚལ་མེ་འགོག་གི་བདེ་སྲུང་པ་ཆུང་ཆུང་ཞིག་བྱེད་པར་བརྩོན་ལེན་བྱེད་རྒྱུའི་རེ་བ་ཡོད”ཅེས་བཤད།

           ཐང་མིང་ལུང་གི་བཟའ་ཟླས་བཀོད་འཐབ་པ་རྣམས་དང་མཉམ་དུ་དྲིལ་བསྒྲགས་སུ་མཁོ་བའི་ཡིག་ཆ་ལེགས་སྒྲིག་བྱེད་བཞིན་པ།
           ད་ལོ་ནི་ཐང་མིང་ལུང་གིས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་ལས་གནས་བརྟན་སྲུང་བྱ་རྒྱུའི་ཐག་བཅད་པའི་ལོ་ལྔ་པ་ཡིན་ཞིང་། 2005ལོར་དྲག་ཆས་ཉེན་རྟོག་པ་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་ཏུ་ཞུགས་པ་ནས་བཟུང་། ཐང་མིང་ལུང་གིས་བོད་ལྗོངས་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ལ་སྲུང་སྐྱོང་བྱས་ནས་བསྟུད་མར་ལོ་ངོ་བཅུ་དྲུག་རིང་ལ་ལས་གནས་བརྟན་སྲུང་བྱས། ཁོའི་ཁྱིམ་མི་ཚོ་ས་ཐག་རིང་བའི་སི་ཁྲོན་དུ་ཡོད་ཅིང་། བཟའ་ཟླ་དང་བུ་ཕྲུག་གླེང་ཐེངས་རེ་རེར། ཐང་མིང་ལུང་ལ་ནམ་ཡང་འགྱོད་སེམས་ཀྱིས་ཁེངས་བཞིན་ཡོད། ཡང་བསྐྱར་ཁྱོ་ག་ཕ་ཡུལ་དུ་ལོ་གསར་བར་ཡོང་མི་ཐུབ་པའི་གནས་ཚུལ་འབྱོར་རྗེས། ཐང་མིང་ལུང་གི་བཟའ་ཟླས་བུ་ཆུང་ཁྲིད་ནས་བོད་ལྗོངས་སུ་འགྲོ་རྒྱུའི་ཐག་བཅད་ཅིང་། ཁོ་མོས“ཁོས་ལས་གནས་བརྟན་སྲུང་བྱས་ཏེ་ཕ་ཡུལ་དུ་ལོག་མི་ཐུབ་པས། ང་ཚོ་ཕར་སོང་ནས་ཁོ་དང་མཉམ་དུ་ལོ་གསར་ལ་རོལ་བར་འདོད།”  ཁྱོ་གའི་ལས་ཁུངས་སུ་སླེབས་རྗེས། ཁོ་མོས་རྒྱུན་པར་ཁྱོ་ག་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལས་ཀར་བྲེལ་བའི་རྣམ་པ་མཐོང་བས། རང་འགུལ་གྱིས་ཁོ་དང་མཉམ་དུ་མེ་འགོག་དྲིལ་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་ཤིང་།  མོས་སྐྱེས་པ་འགྲོ་མྱོང་ཡོད་པའི་ལམ་དུ་བསྐྱོད་པ་དང་། ཁོས་བལྟས་མྱོང་བའི་མཛེས་ལྗོངས་དག་ལ་བལྟས་ཏེ། མེ་ཟོན་རུ་མིའི་ལས་ཀའི་སྐྱིད་སྡུག་ལ་རོལ་མྱོང་བྱས།
           “རྨི་ལམ་དུའང་ཕ་ཡུལ་དུ་ལོག་ནས་ལོ་གསར་ལ་རོལ་ཏེ། ཁྱིམ་མི་དང་ལྷན་འཛོམས་བྱུང་འདོད། འོན་ཀྱང་ལས་ཀ་འདི་ལས་ཡུན་རིང་ཚེ། རང་གི་ཕྲག་སྟེང་གི་འགན་འཁྲིའི་སྟབས་ཀྱིས་གོམས་གཤིས་ཤིག་ཏུ་གྱུར་སོང”ཞེས་ཐང་མིང་ལུང་གིས་ཧ་ཅང་བབ་ཆགས་པའི་ངང་ལྷོད་ཀྱིས་བཤད་བྱུང་། འདི་ནི་ཁོ་རང་གི་འགན་འཁྲིར་ལ་བློ་དཀར་བ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་འདོད་ཆེ་བའི་མཚོན་ཚུལ་ཞིག་ཡིན་ནོ། །
རྩོམ་སྒྲིག་པ། སྣང་རྡོར།