ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་བྱང་ཐང་གི་འབྲོག་པས་གཟབ་མཆོར་སྤྲས་ནས་ལོ་གསར་ལ་རོལ་བ།

སྤེལ་དུས 2021-02-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་ཉིན་གཅིག་ལ་འཁེལ་བས། བོད་ལྗོངས་ཀྱི་ས་གནས་སོ་སོར་དུས་ཆེན་ལ་རོལ་བའི་ཟང་ཟིང་གི་རྣམ་པས་ཁེངས་འདུག  བོད་བྱང་ཐང་འདམ་གཞུང་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ནས་ལོ་གསར་ལ་རོལ་ཏེ་རང་ཉིད་ཕྱུག་པོར་ཆགས་རྗེས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་པ་རེད།

  ཟླ2པའི་ཚེས12ཉིན། བོད་བྱང་ཐང་འདམ་གཞུང་རྫོང་གི་ཚོན་མདོག་སྣ་ལྔའི་བོད་ལྭ་གྱོན་པའི་འབྲོག་ཁུལ་གྱི་བུད་མེད།

  ཟླ2པའི་ཚེས12ཉིན། བོད་བྱང་ཐང་འདམ་གཞུང་རྫོང་གུང་ཐང་ཤང་གི་གཟབ་མཆོར་སྤྲས་པའི་ཕོ་གསར།

  བོད་བྱང་ཐང་འདམ་གཞུང་རྫོང་གི་སྐྱེས་པ་འགའི་པགས་ཚར་སྟེང་གི་མཛེས་སྡུག་ལྡན་པའི་མེ་ཏོག་གི་རྒྱན་རིས།

  བོད་བྱང་ཐང་འདམ་གཞུང་རྫོང་འབྲོག་ཁུལ་གྱི་སྐྱེས་པས་བཏགས་པའི་དངུལ་གྱི་འདོགས་ཆ། 

ཟླ2པའི་ཚེས12ཉིན། བོད་བྱང་ཐང་འདམ་གཞུང་རྫོང་ནས་པར་བླངས་པའི་གཟབ་མཆོར་སྤྲས་པའི་འབྲོག་མོ་གསུམ།

  ཟླ2པའི་ཚེས12ཉིན། བོད་བྱང་ཐང་འདམ་གཞུང་རྫོང་གྲོང་དཀར་གྲོང་ཚོའི་འབྲོག་མོ་ཞིག་གིས་གཟབ་མཆོར་སྤྲས་ནས་ཆང་སྐལ་འབུལ་བཞིན་པ།

ཟླ2པའི་ཚེས12ཉིན། བོད་བྱང་ཐང་འདམ་གཞུང་རྫོང་ནས་པར་དུ་བརྒྱབ་པའི་འབྲོག་མོ།
རྩོམ་སྒྲིག་པ། སྣང་རྡོར།