ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འགྲམ་འགག་སྒོའི་མི་དམངས་ཉེན་རྟོག་པ་དང་བཟོ་པ་ཚོས་ཐུན་མོང་མ་ཡིན་པའི་ལོ་གསར་ཞིག་རོལ།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

            ཟླ2པའི་ཚེས11ཉིན་ནི་ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ(གནམ་གང)ཡིན་ལ།  བོད་ཀྱི་ལོ་གསར་གྱི་ཚེས་སུམ་ཅུའང་ཡིན་པས།  རྒྱལ་ལམ་ཨང318ཀྱི་མགོར་ཐོབ་ཐང་མི་འདྲ་བའི་མི་རིགས་འདི་གཉིས་ཀྱིས་གཞན་དང་མི་མཚུངས་བའི་ལོ་གསར་ཞིག་རོལ་བ་རེད།
            རྒྱུས་ལོན་བྱུང་བ་ལྟར་ན།  གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་འགག་སྒོའི་རྒྱལ་ལམ་ཨང318འཛུགས་སྐྲུན་བྱེད་མཁན་གྱི་ལས་བཟོ་པས་རྒྱལ་ཁབ་ཀྱིས་རང་ཉིད་གང་དུ་གནས་པ་དེ་གར་ལོ་གསར་ལ་རོལ་བའི་འབོད་སྐུལ་དང་བསྟུན་ཏེ།  འགྲམ་འགག་སྒོ་ནས་ལོ་གསར་ལ་རོལ་རྒྱུའི་ཐག་བཅད་པ་རེད།  གཉའ་ལམ་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གནས་ཚུལ་འདི་ཤེས་རྗེས།  རང་འགུལ་ངང་ཁོ་ཚོར་ལོ་གསར་གྱི་དངོས་ཟོག་སྐྱེལ་བར་མ་ཟད།  ད་རུང་ཁོ་ཚོ་དང་མཉམ་དུ་ལོ་གསར་སྐྱིད་པོ་ཞིག་རོལ་ བར་གདན་འདྲེན་ཞུས་པ་རེད།
            འདི་ནི་ང་ཚོས་བོད་ལྗོངས་ནས་རོལ་བའི་ལོ་གསར་ཆེས་སྤྲོ་སྐྱིད་ལྡན་པ་ཞིག་ཡིན།  ས་ཚིགས་འདིའི་མི་དམངས་ཉེན་རྟོག་པ་ནི་ང་ཚོའི་ཁྱིམ་མཚེས་ནང་བཞིན།  ཁོ་ཚོའི་ཁྱིམ་གཞིས་ཆེན་པོའི་ནང་ནས་ང་ཚོས་ཁྱིམ་གྱི་བྲོ་བ་ཚོར་བྱུང”ཞེས་འགྲམ་འགག་སྒོའི་རྒྱལ་ལམ་ཨང318འཛུགས་སྐྲུན་གྱི་ལས་བཟོ་པ་རྒན་པ་ཧྥང་གིས་གསར་འགོད་པར་དེ་ལྟར་བཤད།
            གཅིག་ནི་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་ཡིན་པ་དང་།  ཅིག་ཤོས་ནི་བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་མཁན་ཡིན་པས།  ཁོ་ཚོས་མཉམ་དུ་ཁེར་རྐྱང་གི་མཐའ་མཚམས་འགག་སྒོའི་གྲོང་རྡལ་ཆུང་ཆུང་འདི་རུ་སེམས་འགུལ་ཐེབས་པའི་རྒྱལ་གཅེས་ཀྱི་རྩོམ་ཡིག་འབྲི་བཞིན་ཡོད་ཅིང་།  ཁོ་ཚོས་ཐུན་མོང་སྒོས་འགྲམ་འགག་སྒོའི་འཛུགས་སྐྲུན་ཐད་རང་གི་ནུས་པ་འདོན་སྤེལ་བྱས་ནས་ལག་རྗེས་འཇོག་བཞིན་ཡོད་དོ། །
རྩོམ་སྒྲིག་པ། སྣང་རྡོར།