ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་ཏོག་གསར་འགོག་ཁབ་བརྒྱབ་ཚད་འཛམ་གླིང་གི་ཨང་དང་པོར་སླེབས།

སྤེལ་དུས 2021-06-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་གྲངས་གཞི་ལྟར་ན། སྤྱི་ཟླ་6ཚེས་14ཉིན་བར། ས་གནས་ཁག་གིས་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐེངས་ཁྲི་90413.4བརྒྱབ་ཡོད་པ་རེད། 

        རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་དུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཐེངས་དུང་ཕྱུར་9ལྷག་ཙམ་ཟིན་ཡོད་ཅིང་། མི་གྲངས་དུང་ཕྱུར་6ལྷག་ཙམ་ལ་བརྒྱབ་ཚར་ཡོད། རིམས་འགོག་སྨན་ཁབ་རྒྱག་ཐེངས་དང་བརྒྱབ་པའི་མིའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
        རང་རྒྱལ་གྱིས་གཙོ་གནད་ས་ཁུལ་དང་གཙོ་གནད་མི་ཚོགས་ལ་རྒྱུན་མཐུད་ངང་རིམས་འགོག་སྨན་ཁབ་བརྒྱབ་པའི་རྨང་གཞིའི་ཐོག མིག་སྔར་མི་ཚོགས་གཞན་དག་ལ་ཁྱོན་ཡོངས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ་འགོག་ཁབ་རྒྱག་པའི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་བཞིན་ཡོད།  

        སྤྱི་ཟླ་3པའི་ཚེས་27ཉིན་ནས་སྤྱི་ཟླ་4བའི་ཚེས་21ཉིན་བར། རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར་2ལས་བརྒལ་ཞིང་། དུང་ཕྱུར་1དེ་རྒྱག་པར་ཉིན་25ལས་འགོར་མེད། སྤྱི་ཟླ་5པའི་ཚེས་7ཉིན་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར་3ལས་བརྒལ་བ་དང་། དུས་ཡུན་ཉིན16ལས་འགོར་མེད།  སྤྱི་ཟླ5པའི་ཚེས་16ཉིན་སླེབས་དུས། རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར་4ལས་བརྒལ་བ་དང་། ཉིན་9འགོར་ཁར། སྤྱི་ཟླ་5ཚེས་23ཉིན་གྲངས་ཀ་དེ་ཐེངས་དུང་ཕྱུར་5ལས་བརྒལ་བ་དང་ཉིན་7ལས་འགོར་མེད། སྤྱི་ཟླ་5པའི་ཚེས་28ཉིན་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར་6ལས་བརྒལ་བ་དང་ཉིན་5སྤྱད་ཡོད།  སྤྱི་ཟླ་6པའི་ཚེས་2ཉིན་རྒྱག་ཐེངས་དུང་ཕྱུར་7ལས་བརྒལ་ཟིན་རུང་། དུས་ཡུན་ཉིན་5མ་གཏོགས་འགོར་མེད་པ་རེད། སྤྱི་ཟླ་6པའི་ཚེས་8ཉིན་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར་8ཟིན་ཞིང་། དུང་ཕྱུར་7ནས་8བར་ཉིན་6གི་དུས་ཚོད་མ་གཏོགས་འགོར་མེད། སྤྱི་ཟླ་6པའི་ཚེས་14ཉིན། རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར་9ལས་བརྒལ་བ་དང་། དུང་ཕྱུར་8ནས་9བར་ཉིན་6ལས་འགོར་མེད་པ་རེད། 
        མིག་སྔར། ས་གནས་ཁག་གིས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་བཞིན་ཡོད།  
རྩོམ་སྒྲིག་པ། སྣང་རྡོར།