ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཕུར་སྐྱོད་པ་ཁོང་གསུམ་འཕུར་གྲུར་བསྡད་དེ་ལས་འགན་བསྒྲུབས།

སྤེལ་དུས 2021-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་ལས་རོགས་པ་ཅི་ཆི་མིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། ལྷ་གྲུ་བཅུ་གཉིས་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུའི་འདུག་མི་གསུམ་པོ་ནི་འཇིག་རྟེན་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་དང་། ལིའུ་པོའོ་མིང་། ཐང་ཧུང་པོའོ་བཅས་ཡིན་ལ། ཉེ་ཧའེ་ཧྲེང་གིས་བཀོད་འདོམས་པའི་འགན་འཁུར་བ་དང་། གྲ་སྒྲིག་འཇིག་རྟེན་འཕུར་སྐྱོད་པ་ནི་ཀྲའེ་ཀྲི་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུ་བཅས་ཡིན།

          འཇིག་རྟེན་འཕུར་སྐྱོད་པ་གསུམ་པོའི་ཁྲོད། ཆེས་མཐོའི་འཇིག་རྟེན་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་ནི་ལྷ་གྲུ་ དྲུག་པ་རྟགས་ཅན་དང་།  ལྷ་གྲུ་བཅུ་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུའི་འཕུར་སྐྱོད་འགན་འཁྲིའི་ནང་ཞུགས་ཤིང་། ཆེས་མཐོའི་འཕུར་སྐྱོད་པ་ལིའུ་པོའོ་མིང་ནི་ལྷ་གྲུ་བདུན་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུའི་འཕུར་སྐྱོད་འགན་འཁྲིའི་ནང་ཞུགས་པ་དང་། རིམ་པ་གཉིས་པའི་འཕུར་སྐྱོད་པ་ཐང་ཧུང་པོའོ་ནི་ཐེངས་དང་པོར་འཕུར་སྐྱོད་བྱེད་པ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།