ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་14པ་འགོ་ཚུགས་འདུག

སྤེལ་དུས 2021-09-16 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

           ཟླ་9ཚེས་15ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
           ཚེས་15ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
           ཚེས་15ཉིན་གྱི་དགོང་མོ་ཤིས་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་གློག་འོད་ཁྲ་ཆེམ་མེར་འཕྲོ་བ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

           ཟླ་9ཚེས་15ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
           ཆུ་ཚོད་19དང་སྐར་མ་58ཙམ་ལ་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་ཞུས་པས། ལུས་རྩལ་ཐང་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
           ཆུ་ཚོད་20ཙམ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་དབྱངས་ཀྱི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་སྦྲགས། གཟབ་སྦྲེང་རུ་མིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བསྒྲེངས་ནས་གོམ་སྟབས་ཡང་མོས་ལུས་རྩལ་ཐང་དུ་ཡོང་། ལུས་རྩལ་ཐང་དུ་སྙན་ཞིང་འཇེབས་ལ་ངར་ཤུགས་ལྡན་པའི《ལུས་རྩལ་པའི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དར། དར་ཆ་འཁྱེར་མཁན་60ལས་གྲུབ་པའི་ཚོགས་དར་གྱི་རུ་སྟར་གྲུ་བཞི། ཤན་འབྱེད་པའི་འཐུས་མིའི་རུ་སྟར་གྲུ་བཞི་བཅས་ཀྲུའུ་ཞི་སྡིངས་ཆའི་ཕྱོགས་སུ་བསྐྱོད། དེའི་རྗེས་སུ་འཐུས་མི་ཚོགས་པ་37གྱི་ལུས་རྩལ་པའི་འཐུས་མིས་སྙིང་སྟོབས་རབ་ཏུ་འཕེལ་བའི་སྒོ་ནས་བསྐྱོད་པ་དང་། ཁོང་ཚོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས་3བཅས་སོ་སོ་ནས་ཡིན་པ་རེད། ལུས་རྩལ་ཐང་ཡོངས་ནས་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲོད་ལུས་རྩལ་པར་བསུ་བ་ཞུས།

           ཟླ་9ཚེས་15ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
           ལུས་རྩལ་ཐང་དུ་སྐྱོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

           ཟླ་9ཚེས་15ཉིན་དཔལ་འབར་འཁྱེར་མཁན་དབྱང་ཆན་གྱིས་དཔལ་འབར་ཨ་མ་སྤོར་རྩིས་བྱེད་བཞིན་པ།
           ཆུ་ཚོད་20དང་སྐར་མ་40ཙམ་ལ་ཞི་ཅིན་ཕིང་གིས་སྐད་གསང་མཐོན་པོས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་འགོ་འཛུགས་རྒྱུ་ཡིན”ཞེས་ཁྱབ་བསྒྲགས་གནང་མ་ཐག ལུས་རྩལ་ཐང་ཡོངས་ནས་དགའ་འབོད་ཀྱི་སྒྲ་དང་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས།
           ཆུ་ཚོད་21དང་སྐར་མ་35ཙམ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་བརྗོད་དོན་གཙོ་བོའི་གླུ་གཞས《མཆོང་སྐྱོད》ཀྱི་ཚ་རླབས་ཁྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

           ཟླ་9ཚེས་15ཉིན་འཁྲབ་སྟོན་པ་ཚོས་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
           རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཟླ་9ཚེས་27ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཁྱོན་ལུས་རྩལ་པ་ཁྲི་1.2ལྷག་ཙམ་རྩལ་འགྲན་འགྲན་བསྡུར་ནང་ཞུགས་རྒྱུ་དང་མང་ཚོགས་ལུས་རྩལ་པ་ཁྲི་1ལྷག་ཙམ་མང་ཚོགས་འགྲན་བསྡུར་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།