ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕོ་རྒོད་སྟོབས་རྒྱལ། ཡང་ཨང་དང་པོ་རེད།

སྤེལ་དུས 2021-09-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སྟོབས་རྒྱལ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་སྐྱེས་པའི་སྨི་ཁྲི1གི་འགྲན་སྡུར་དུ་བྱ་དགའ་ཨང་དང་པོ་ཐོབ། གཤམ་ནས་མི་སེམས་འགུལ་བའི་རྣམ་པ་འདིར་གཟིགས་དང་།  

          ཟླ9པའི་ཚེས21ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་སྐྱེས་པའི་སྨི10000ཅན་གྱི་མཐའ་མའི་འགྲན་བསྡུར་དེ་ཞི་ཨན་དུ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགྲན་ཞུགས་མི་སྣ་སྟོབས་རྒྱལ་དང་། བསོད་ནམས་ཚེ་རིང་། རྟ་མགྲིན་ཚེ་དབང་བཅས་འགྲན་སྡུར་དུ་ཞུགས།

          ཛ་དྲག་གི་འགྲན་སྡུར་གོ་རིམ་བརྒྱུད་དེ། སྟོབས་རྒྱལ་གྱིས་སྐར་མ28དང་སྐར་ཆ35དང་གྲངས་ཆུང24ཡི་གྲུབ་འབྲས་བླངས་ནས་ཨང་དང་པོ་ཐོབ་སྟེ། བོད་ལྗོངས་ཀྱི་འཐུས་མི་ཚོགས་པར་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་གཉིས་པ་དེ་ཐོབ་པ་དང་། ཁོ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་བསྟུད་མར་རྣམ་གྲངས་དེའི་ཨང་དང་པོ་ཐོབ།

          རྟ་མགྲིན་ཚེ་དབང་དང་བསོད་ནམས་ཚེ་རིང་གཉིས་ལ་སོ་སོར་ཨང་བཞི་པ་དང་བདུན་པའི་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ལུས་རྩལ་པ་ཁོ་གསུམ་པོ་ཚང་མ་འགྲན་སྡུར་དེའི་མདུན་གྱི་ཨང་བརྒྱད་ཀྱི་གྲས་སུ་ཚུད།
          2009ལོར་སྟོབས་རྒྱལ་བོད་ལྗོངས་ལུས་རྩལ་སློབ་གྲྭར་ཞུགས་ནས་རྒྱང་རྒྱུག་གི་སྦྱོང་བརྡར་ཆ་ཚང་བྱེད་མགོ་ཚུགས་ཤིང་། 2011ལོར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ལེགས་སྐྱེས་འགྲན་སྡུར་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲན་རའི་ཁྲོད་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས2011ལོར་ལག་བསྟར་བྱས་པའི“མཐོ་སྒང་གི་ཤེས་ལྡན་མི་སྣའི་གསར་སྤེལ་འཆར་གཞི”ལ་བརྟེན་ནས། སྟོབས་རྒྱལ་ལ་ཐེངས་མང་པོར་ཨ་ཧྥེ་རི་ཁར་སྦྱོང་བརྡར་བྱེད་པར་འགྲོ་བའི་གོ་སྐབས་ཐོབ་ཅིང་། སྔ་རྗེས་སུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་། ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར། པེ་ཅིང་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕ་ལམ་འགྲན་སྡུར་བཅས་ལ་ཞུགས། 2021ལོའི་ཟླ6པའི་ཚེས25ཉིན་གྱི་དགོང་མོར། ཁྲུང་ཆིང་དུ་སྤེལ་བའི་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཁྲོད། སྟོབས་རྒྱལ་གྱིས་སྐར་མ14དང་སྐར་ཆ3དང་གྲངས་ཆུང52ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི5000ཅན་གྱི་མཐའ་མའི་འགྲན་བསྡུར་གྱི་ཨང་དང་པོ་བླངས།
རྩོམ་སྒྲིག་པ། བསྟན་ཆོས།