ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བུ་མོ་པདྨ་གཡུ་སྒྲོན་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་ཆེན་པོ་ཞིག་ཐོབ།

སྤེལ་དུས 2021-09-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

བརྙན་ཐུང་ལས་འགྲན་སྡུར་གྱི་ཡུལ་དངོས་ལ་གཟིགས་རོགས།
          ཟླ9པའི་ཚེས21ཉིན།   རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བྲག་འཛེག་འགྲན་སྡུར་གྱི་ཐོག་ཏུ།  བུད་མེད་ཀྱི་ཀུན་ནུས་མཐའ་སྡུར་རྣམ་གྲངས་གཉིས་པོ་མཇུག་བསྒྲིལ་པ་དང་། འགྲན་སྡུར་དེ་བྲག་འཛེག་འགྲན་སྡུར་དང་དཀའ་ཚད་འགྲན་སྡུར་ཁག་གཉིས་སུ་ཕྱེ་ཡོད།

          བོད་ལྗོངས་ཀྱི་འགྲན་ཞུགས་པ་པདྨ་གཡུ་སྒྲོན་ལ་ཨང་གསུམ་པ་ཐོབ་ནས་བོད་ལྗོངས་རུ་ཁག་ལ་ཟངས་ཀྱི་རྟགས་མ་རྩ་ཆེན་ཞིག་ཐོབ། འདི་ནི་བོད་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་ཁྲོད་ནས་ཐོབ་པའི་གཟེངས་བསྟོད་རྟགས་མ་ཐོག་མ་དེ་ཡིན།
བུ་མོ་པདྨ་གཡུ་སྒྲོན་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་ཆེན་པོ་ཞིག་ཐོབ།
          གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་བྲག་འཛེག་རྣམ་གྲངས་དེ་མང་ཚོགས་ཀྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་མངོན་པ་དང་། འོན་ཀྱང་ད་ལོར་བྲག་འཛེག་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་སུ་ཐོག་མར་ཚུད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།