ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡང་བསྐྱར་གསེར་གྱི་རྟགས་མ་བླངས་འདུག

སྤེལ་དུས 2021-09-23 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
     ཟླ་༩ཚེས་༢༣ཉིན་སྐབས་བཅུ་བཞི་པའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི་༥༠༠༠གི་མཐའ་བསྡུར་མཇུག་སྒྲིལ་བ་རེད། ཉིན་འགའི་སྔོན་ལ་སྐྱེས་པའི་སྨི་༡༠༠༠༠ཡི་མཐའ་བསྡུར་ནང་མུ་མཐུད་ནས་ཡང་བསྐྱར་ཨང་དང་པོ་ཐོབ་མཁན་གྱི་བོད་རིགས་ཕོ་གསར་སྟོབས་རྒྱལ་ལགས་ཀྱིས་སྐར་མ་༡༣དང་སྐར་ཆ་༤༩.༡༦བརྟེན་ནས་ཨང་དང་པོ་བླངས་པ་དང་། བོད་ལྗོངས་ཀྱི་རུ་ཁག་ལ་སླར་ཡང་རྩ་ཆེའི་གསེར་གྱི་རྟགས་མ་ཞིག་ཐོབ་པ་རེད། 



     འདི་ནི་ཉིན་འགའི་གོང་གི་གསེར་གྱི་རྟགས་མ་གཉིས་དང་ཟངས་ཀྱི་རྟགས་མ་གཉིས་ཐོབ་པའི་རྗེས་སུ་བོད་ལྗོངས་ལུས་རྩལ་འཐུས་མི་ཚོགས་པས་མུ་མཐུད་ནས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་ཁྲོད་ཐོབ་པའི་གསེར་གྱི་རྟགས་མ་གསུམ་པ་དེ་ཡིན་ལ་གཟེངས་བསྟོད་རྟགས་མ་ཨང་ལྔ་པ་དེ་རེད།  

རྩོམ་སྒྲིག་པ། སྣང་རྡོར།