ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མངས་རིས་ཀྱི་འགྱུར་ལྡོག་དང་གྲུབ་འབྲས།

སྤེལ་དུས 2021-09-24 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

    ཉེ་དུས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༡༠༠འཁོར་བ་དང་། བོད་ལྗོངས་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་རླུང་འཕྲིན་ཆེད་སྒྲིག་ལེ་ཚན། ཏང་དར་འོག་གི་བདེ་སྐྱིད་འཚོ་བ་ཞེས་པའི་མངའ་རིས་བཅར་འདྲི་ཚོགས་ཆུང་ཀྱིས་མངའ་རིས་ཀྱི་རྫོང་ལྔར་བསྐྱོད་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་ཤང་གྲོང་དར་རྒྱས།   མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཕྱོགས་མང་པོའི་ཐད་བཅར་འདྲི་ཞུས་ཏེ།   མངའ་རིས་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག   སྤྱི་ཚོགས་དཔལ་འབྱོར་སོགས་བྱ་གཞག་ཁག་ལ་ཐོབ་པའི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྨྱན་སྦྱོར་མཉམ་འདྲེས་ཐོག་ནས་ཟིན་ཐོར་བཀོད་ཡོད་ལ། ཐེངས་འདིའི་ཏང་དར་འོག་གི་བདེ་སྐྱིད་འཚོ་བ་ཞེས་པའི་རླུང་འཕྲིན་ཆེད་སྒྲིག་ལེ་ཚན་གྱི་བཅར་འདྲིའི་བྱེད་སྒོ་རྒྱལ་ཁའི་མཇུག་བསྒྲིལ་པ་རེད། 

རྩོམ་སྒྲིག་པ། བདེ་སྒྲོལ།