ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

▶གནད་དོན་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱང་ཧང་སངས་འདུག

སྤེལ་དུས 2021-09-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་འཁྱར་པའི་ལས་དོན་གྱི་མཐོ་རིམ་ཆེད་དོན་མི་སྣ་ཧྥེ་ལི་པོ•ཀེ་ལན་ཏི་ཡིས་ཚེས21ཉིན་གསལ་བསྒྲགས་སྤེལ་དོན། ཨ་རིའི་ཏེ་ཁེ་ས་སི་ཁུལ་གྱི་མཐའ་མཚམས་ས་ཁུལ་དུ་ལུས་པའི་ཡུལ་འཁྱར་པ་ཁྲི་སྟོང་མང་པོའི་གནས་བབ་དང་དེ་བཞིན་ཨ་རིས་ཡུལ་འཁྱར་པ་དག་གཞི་ཁྱོན་ཆེ་བའི་སྒོ་ནས་ཕྱིར་ཕུད་པའི་བྱ་སྤྱོད་ལ་ཧང་སངས་པའི་རྣམ་འགྱུར་བསྟན་པར་མ་ཟད། ཨ་རིའི་སྲིད་གཞུང་གིས་ཉེན་གཡོལ་རེ་འདུན་ཞུ་མཁན་དག་གི་ཁེ་དབང་ལ་རྒྱལ་སྤྱིའི་རྩ་དོན་ལྟར་སྲུང་སྐྱོང་བྱ་རྒྱུའི་རེ་འབོད་བྱས། གསལ་བསྒྲགས་སུ་ཧའེ་ཏི་རྒྱལ་ཁབ་ཀྱི་མི་ཁྲི1.4ལྷག་ཙམ་ཨ་རིའི་ཏེ་ཁེ་ས་སི་ཁུལ་གྱི་མཐའ་མཚམས་གྲོང་ཆུང་ཏེའར་ལི་ཨའོ་རུ་འདུས་ཡོད་མོད། འོན་ཀྱང་ཨ་རིའི་སྲིད་གཞུང་གིས་མི་དེ་དག་གི་སྲུང་སྐྱོང་དགོས་མཁོར་འདྲི་རྩད་མ་བྱས་པར་གཞི་ཁྱོན་ཆེན་པོས་མཐར་སྐྲོད་བཏང་། སྤྱོད་ལམ་དེས་མི་དེ་དག་གི་ཉེན་གཡོལ་རེ་ཞུའི་གོ་སྐབས་འཕྲོག་པ་དང་རྒྱལ་སྤྱིའི་རྩ་དོན་དང་ཡང་མི་མཐུན། 
རྩོམ་སྒྲིག་པ། བདེ་སྒྲོལ།