ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཝུའུ་དབྱི་ཧྥན་དང་ཀྲེང་ཧྲོང་སོགས་མི88ལ་བཀག་སྡོམ་བྱས་འདུག

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       ཚེས23ཉིན་ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་དྲ་རྒྱའི་འཁྲབ་སྟོན(ཐད་གཏོང་)ཡན་ལག་མཐུན་ཚོགས་ཀྱིས་ཁག་དགུ་པའི་དྲ་རྒྱའི་གཙོ་འཁྲབ་པར་ཉེན་བརྡ་གཏོང་བའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང“ཐིའེ་ཧྲན་ཁའོ”དང“དགེ་རྒན་ཀུའོ”གཉིས་ཚུད་པའི་ཆེད་ལས་གཙོ་འཁྲབ་པ་དང་། “ཝུའུ་དབྱི་ཧྥན”དང་“ཀྲེང་ཧྲོང་།” “ཀྲང་ཀྲེ་ཧན”བཅས་འཁྲབ་སྟོན་པ་གསུམ་ཚུད་པའི་གཙོ་འཁྲབ་པ88ལས་རིགས་ནང་མཉམ་འབྲེལ་ཐོག་བཀག་འགོག་དང་ཆད་གཅོད་བསླབ་འདོམས་བྱ་རྒྱུ་ཡིན་པ་རེད།
       འདི་ནི་ཁྲིམས་འགལ་དང་ཀུན་སྤྱོད་བོར་བའི་སྒྱུ་རྩལ་པ་དྲ་རྒྱའི་གཙོ་འཁྲབ་པར་ཉེན་བརྡ་གཏོང་བའི་མིང་ཐོའི་ནང་བཅུག་པ་ཐེངས་དང་པོ་ཡིན་ཞིང་། སྤྱོད་ངན་སྒྱུ་རྩལ་པས་རྟེན་གནས་བསྒྱུར་ནས་བསྐྱར་དུ་ཐོན་པར་བཀག་འགོག་བྱས་པ་ཞིག་རེད།
       མིང་ཐོ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་རྗེས། བརྡ་བཏང་བའི་སྟེགས་བུ་ཁག་གིས་བཀག་སྡོམ་བྱ་རྒྱུ་མ་ཟད། དུས་ཐོག་ཏུ་གཙོ་གཉེར་ལས་ཁུངས་ལ་སྤྲད་ནས་ཐོ་འགོད་བྱ་རྒྱུ་རེད།






རྩོམ་སྒྲིག་པ། སྣང་རྡོར།