ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨའེ་དབྱིན་སི་ཐན་གྱི་ཕྱག་དཔེ་འདི་ལི་ཅ་ཁྲེང་གིས་ཉོས་པ་རེད་ཅེས་ལབ།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཚེས24ཉིན“སྐར་མའི་གླིང་ཕྲན་དྲ་བ”དང“དཔལ་འབྱོར་ཉིན་རེའི་ཚགས་པར་དྲ་བ”སོགས་ཞང་ཀང་སྨྱན་སྦྱོར་བས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་དངོས་ལུགས་རིག་པ་བ་གྲགས་ཅན་ཨའེ་དབྱིན་སི་ཐན་གྱི“གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བའི”ཕྱག་དཔེ་དེ་ཧྥ་རན་སིའི་ཕ་རི་སིར་ཡོད་པའི་ཅ་ཧྲི་ཏེ་ཡིས་རིན་གོང་གང་མཐོ་ལྟར་བཙོངས་པར་ཡོབ་སྒོར་ཁྲི1160(ཞང་ཀང་གི་སྒོར་མོ་དུང་ཕྱུར1བརྒལ་བ)ཡིས་ཚོང་འགྲིགས་པ་དང་། ཅ་ཧྲི་ཏེ་ཡིས་ཉོ་བདག་གི་ཐོབ་ཐང་ཕྱིར་བསྒྲགས་བྱས་མེད། གནས་ཚུལ་སྤེལ་བར་གཞིགས་ན། ཉོ་བདག་ནི་ཞང་ཀང་གི་ཁྲང་ཧོ་རིམ་པའི་ཆེད་མཁས་བློ་འདོན་པ་ལི་ཅ་ཁྲེང་ཡིན་པ་རེད། འོན་ཀྱང་ལི་ཅ་ཁྲེང་ཐེབས་རྩ་ཚོགས་པས་དོན་དེར་དཔྱད་གཏམ་མི་བརྗོད་ཟེར།

ཞང་ཀང་གི“དཔལ་འབྱོར་ཉིན་རེའི་ཚགས་པར་དྲ་བར”སྤེལ་བའི་གནས་ཚུལ་གྱི་བཅད་པར།
       གནས་ཚུལ་སྤེལ་བར་གཞིགས་ན། ད་རེས་ཀྱི་རིན་གོང་གང་མཐོ་ལྟར་བཙོང་བའི་ཕྱག་དཔེ་ལ་ཁྱོན་བསྡོམས་ཤོག་གྲངས54ཡོད། ཕྱག་དཔེ་འདི་ནི་ཨའེ་དབྱིན་སི་ཐན་དང་ཁོང་གི་གྲོགས་པོ། སུའེ་ཙེར་གྱི་དངོས་ལུགས་རིག་པ་བ་པེ་སུའོ་བཅས་ཀྱིས་ལྷན་དུ་ཕྱག་བྲིས་གནང་བ་ཞིག་ཡིན་ཏེ། དེའི་ཁྲོད་ཀྱི་ཤོག་གྲངས26ནི་ཨའེ་དབྱིན་སི་ཐན་གྱིས་ཕྱག་བྲིས་གནང་བ་དང་། གཞན་ཤོག་གྲངས25ནི་པེ་སུའོ་ཡིས་ཕྱག་བྲིས་གནང་། དེ་བྱིངས་ཀྱི་ཤོག་གྲངས3ཀྱི་ངོས་སུ་མི་གཞན2ཀྱིས་ཕྱག་བྲིས་གནང་འདུག དེ་ཡང1913ལོ་ནས1914ལོའི་བར་དུ་ཨའེ་དབྱིན་སི་ཐན་དང་པེ་སུའོ་གཉིས་ཀྱིས་རིག་གཞུང་ཐད་ནས་མཉམ་ལས་མང་པོ་བྱས་ཤིང་། ཕྱག་དཔེའི་ནང་དོན་མང་ཆེ་བ་ནི1913ལོའི་ཟླ6པར་ཁོང་རྣམ་པས“གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བར”ཞིབ་འཇུག་གནང་བའི་བརྒྱུད་རིམ་ཟིན་ཐོར་བཀོད་པ་ཞིག་ཡིན། མ་ཡིག་སྟེང་དུ་ནོར་འཁྲུལ་དང་མཉམ་བྱའི་ཚུལ་བསུབ་པ། རྩིས་འབྲས་ནོར་བཅོས་བྱས་པ་སོགས་མི་ཉུང་བ་ཞིག་འདུག ཁོང་གཉིས་ཀྱིས་འབྲེལ་ཡོད་ཀྱི་ཞིབ་འཇུག་རྣམས་གནས་སྐབས་སུ་མཚམས་བཞག་རྗེས། པེ་སུའོ་ཡིས་ཕྱག་དཔེ་དེ་དབྱི་ཐ་ལིར་འཁྱེར་བ་རེད།
       གནས་ཚུལ་སྤེལ་བར་གཞིགས་ན། ཕྱག་དཔེ་དེ་གཟའ་འཁོར་འདིའི་གཟའ་མིག་དམར་ཉིན་ཕ་རི་སིར་ཡོད་པའི་ཅ་ཧྲི་ཏེ་ཡིས་རིན་གོང་གང་མཐོ་ལྟར་བཙོངས་ནས་ཡོབ་སྒོར་ཁྲི1170ཟིན་པ་དང་། ཕབ་རྩིས་བྱས་ན་ཞང་ཀང་སྒོར་མོ་དུང་ཕྱུར1.026རེད།   ཅ་ཧྲི་ཏེ་ཡིས་ཉོ་བདག་གི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད།གནས་ཚུལ་སྤེལ་བར་གཞིགས་ན།  ཨའེ་དབྱིན་སི་ཐན་གྱི་ཕྱག་དཔེ་དེའི་རིན་གོང་ཡོབ་སྒོར་ཁྲི150ནས་ཚོད་རྩིས་བྱས་པ་དང་། གང་མགྱོགས་ཀྱིས་ཡོབ་སྒོར་ཁྲི350བརྒལ་ཞིང་།  མཇུག་མཐར་འགྲན་རྩོད་པ2ཀྱིས་ཁ་པར་བརྒྱུད་དེ་འགྲན་ཉོ་བྱས་ཏེ་ཐེངས་རེར་ཡོབ་སྒོར་ཁྲི20རེ་འཕར་ནས་མཇུག་མཐར་ཡོབ་སྒོར་ཁྲི1170ཡིས་ཉོས། ད་ཐེངས་ཀྱི་འགྲན་ཉོ་འདིས་ཨའེ་དབྱིན་སི་ཐན་གྱི་ཕྱག་དཔེ་སྣ་ཚོགས་ལས་རིན་གོང་མཐོ་ཤོས་བཏོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ཉོ་བདག་ནི་ལི་ཅ་ཁྲེང་ཡིན་མོད། འོན་ཀྱང་ལི་ཅ་ཁྲེང་ཐེབས་རྩ་ཚོགས་པས་བཅར་འདྲི་དང་ལེན་བྱེད་སྐབས་དོན་དེར་དཔྱད་གཏམ་མི་བརྗོད་ཅེས་བཤད།
       གནས་ཚུལ་སྤེལ་བར་གཞིགས་ན། རིན་གོང་གང་མཐོ་ལྟར་བཙོང་མཁན་ཅ་ཧྲི་ཏེ་ཡིས། ཕྱག་དཔེ་འདིས“གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བའི”འཕེལ་རྒྱས་ཀྱི་དུས་རིམ་གལ་ཆེན་ཞིག་བསྟན་ཡོད། ཨའེ་དབྱིན་སི་ཐན་གྱིས་རང་གི་ཕྱག་ལས་སྐོར་གྱི་ཡིག་ཆ་ཉར་ཚགས་བྱས་པ་ཧ་ཅང་ཉུང་ཡང་། པེ་སུའོ་ལ་བརྟེན་ནས་ཕྱག་དཔེ་འདི་ཉར་ཚགས་བྱུང་བ་རེད། ཕྱག་དཔེ་འདིར་ཨའེ་དབྱིན་སི་ཐན་གྱིས1919ལོའི་སྔོན་དུ་སྐུ་ངོ་མས་མཚན་རྟགས་བཀོད་པ་འདི་འདྲ་མཐོང་དཀོན་པ་ཞིག་ཡིན་ལ། ལོ་རྒྱུས་ཐོག་རིན་ཐང་ཆེན་པོ་ལྡན་པའི་ཨའེ་དབྱིན་སི་ཐན་གྱི་ཕྱག་དཔེ་ཞིག་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།