ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བདམས་ཐོན་བྱུང་ནས་ཆུ་ཚོད་ཁ་ཤས་འགོར་རྗེས་མོས་ལས་ཁུར་དགོངས་ཞུ་བྱས།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       ཟླ11པའི་ཚེས24ཉིན། སུའེ་ཏེན་གྱི་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མ་མ་ཀོ་ཏ་ལའེ་ན·ཨན་ཏེ་སུང་བདམས་ཐོན་བྱུང་ནས་ཆུ་ཚོད་ཁ་ཤས་འགོར་རྗེས་ལས་ཁུར་དགོངས་ཞུ་བྱས། ཉིན་དེར་ཨན་ཏེ་སུང་ནི་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། སུའེ་ཏེན་ལོ་རྒྱུས་ཐོག་གི་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མར་གྱུར། སྒེར་གྱི་སྲིད་འཛིན་ལ་མཁོ་བའི་ཐོབ་འདང་ངེས་མ་ལོན་པའི་རྐྱེན་གྱིས། ཁོ་མོ་གནས་སའི་སྤྱི་ཚོགས་དམངས་གཙོ་ཏང་དང་ཁོར་ཡུག་ཏང་གཉིས་ཀྱིས་སྲིད་འཛིན་མནའ་འབྲེལ་བཙུགས། འོན་ཀྱང་ཉིན་དེར་གྲོས་ཚོགས་ཀྱིས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་གཞི་ཁས་མ་བླངས་པ་དང་། གཡས་ཐལ་ཏང་ཤོག་དང་སུའེ་ཏེན་དམངས་གཙོ་ཏང་གི་གྲོས་གཞི་ལ་རྒྱབ་སྐྱོར་བྱས་པར། དེའི་ཐད་ཁོར་ཡུག་ཏང་གིས་ཁས་མ་བླངས་པ་མ་ཟད། གྲངས་ཉུང་ཕྱོགས་ཁག་གི་མཉམ་འབྲེལ་སྲིད་གཞུང་ནས་ཕྱིར་འཐེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པས། བྱ་སྤྱོད་དེས་ཨན་ཏེ་སུང་ལས་ཁུར་དགོངས་ཞུ་མི་བྱེད་ཀ་མེད་བཟོས།  མིག་སྔར་སུའེ་ཏེན་གྱི་ལྟ་སྲུང་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ནི་སྔར་བཞིན་ལེ་ཝུན་ཡིན་ཞིང་། ཐེངས་རྗེས་མའི་འདེམས་བསྐོ་དེ་སང་ལོའི་ཟླ9པའི་ཚེས11ཉིན་ལ་སྤེལ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།