ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཔྱིད་རྨོད་ལས་ལ་བྲེལ།

སྤེལ་དུས 2022-04-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             བོད་ལྗོངས་ཀྱི་ཞིང་ཁུལ་དུ་དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་སྤེལ་འགོ་ཚུགས་ནས་ཞིང་ནང་དང་མུ་ཁར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད།

འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཉའ་གཅོག་མཛད་སྒོར་གྲོང་མི་ཚོས་ཐོང་མཁན་ལ་ཁ་བཏགས་གཡོགས་པ་དང་ཆང་བཀྱགས་ནས་ལོ་གསར་པར་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་གཉའ་གཅོག་བྱ་ཡུལ་དུ་གྲོང་མི་ཚོས་དགའ་སྤྲོའི་སྒོར་གཞས་འཁྲབ་ནས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བཞིན་པ།
རྩོམ་སྒྲིག་པ། བདེ་སྒྲོན།