ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

རྒྱུན་པར་མགོ་ཡུ་འཁོར་བ་ནི་ནད་ཀྱི་དབང་གིས་ཡིན་ཡང་སྲིད།

སྤེལ་དུས 2022-01-19 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

          མགོ་ཡུ་འཁོར་བའི་སྣང་ཚུལ་འདི་རྒྱུན་དུ་འབྱུང་བ་ཞིག་ཡིན། ལྷག་པར་དུ། ཙོག་པུར་ཡོད་དུས་འཕྲལ་མར་ལངས་པའམ་ཡང་ན་ཞོགས་པར་མལ་ལས་ལངས་དུས། མགོ་ཡུ་འཁོར་སླ་བ་ཡིན། ཡིན་ནའང་། འདི་ཚང་མ་ནི་ནད་ག་གེ་མོ་ཞིག་གིས་བསྐྱེད་པ་ཁྱོད་ཀྱིས་ཤེས་སམ།
          གཅིག མགོ་ཡུ་འཁོར་བ་ལ་རྟགས་གང་དག་ཡོད་དམ།
          མགོ་ཡུ་འཁོར་བ་ལ་ནད་རྐྱེན་མང་ཞིང་མངོན་ཚུལ་སྣ་ཚོགས་ཡོད་ཅིང་། རྒྱུན་མཐོང་གི་མངོན་ཚུལ་ལ་མགོ་བོ་མི་བདེ་བ་དང་བྲང་གཞུང་སྦོས་པ། མགོ་བོ་ལྕི་ཞིང་རྐང་བ་ཡང་བའི་སྣང་ཚུལ་འབྱུང་ལ། ཀླད་པའི་ནང་འགུལ་བ་དང་མིག་དབང་འཕྲུལ་བ་སོགས་ཡོད།
          དེ་ལས། མགོ་ཡུ་འཁོར་བ(眩晕)ནི་རང་ལུས་མ་འགུལ་ཡང་འགུལ་བཞིན་པའི་ཚོར་བ་ལྡན་པའམ་ཡང་ན་རྒྱུན་ལྡན་གྱི་ཀླད་པ་འགུལ་སྐྱོད་ཀྱིས་ཀླད་པའི་འགུལ་སྐྱོད་དང་མི་མཐུན་པའི་འགུལ་སྐྱོད་ཀྱི་སྣང་ཚུལ་བསྐྱེད་པ་ཞིག་ཡིན། མགོ་འཐོམ་པ(头昏)ནི་གློ་བུར་རང་བཞིན་ནམ་ཡང་ན་བསྟུད་མར་རང་བཞིན་གྱི་ཀླད་པ་མི་གསལ་བ་དང་མགོ་བོ་མི་བདེ་བ། ཀླད་རྩ་རྒྱས་པ། མགོ་བོ་བསྡམས་པའི་སྣང་ཚུལ་འབྱུང་ཞིང་། མཚམས་རེ་ལ། མཚན་མོ་མི་གཉིད་པ་དང་གཉིད་མི་ལེགས་པ། ངལ་དུབ་ཆེ་བ་སོགས་ཀྱི་སྐབས་སུའང་འབྱུང་བ་ཡིན།
          གཉིས། རྒྱུན་ལྡན་གྱི་མགོ་འཐོམ་པ་དང་མགོ་ཡུ་འཁོར་བ་གཉིས་ལ་དབྱེ་བ་ཇི་ལྟར་འབྱེད་དམ།
          རྒྱུན་ལྡན་གྱི་མགོ་འཐོམ་པ་ཡིན་ན། མགོ་བོ་མི་བདེ་བ་དང་ཀླད་པ་མི་གསལ་བའི་སྣང་ཚུལ་བསྟུད་མར་འབྱུང་ཞིང་། དེ་ལ་མགོ་བོ་ལྕི་བ་དང་རྐང་བ་ཡང་བ། མགོ་བོ་སྦོས་པའི་ཚོར་བ་མང་དུ་ཡོད།
          མགོ་ཡུ་འཁོར་དུས། མི་ལུས་མ་འགུལ་ནའང་། ཚོད་འཛིན་མི་ཐུབ་པའི་འགུལ་སྐྱོད་དྲག་པོ་བྱེད་པ་དང་། གཡོ་འགུལ་ཆེ་བ། ལངས་ནས་འདུག་མི་ཐུབ་པ། ཐ་ན་ཐང་ལ་འདྲེད་ཀྱང་སྲིད་པའི་ཚོར་བ་ཡོད། གཞན་ད་དུང་། སྐྱུག་མར་ལངས་པ་དང་སྐྱུག་པ་སོགས་དབང་རྩའི་མ་ལག་གི་ནད་རྟགས་ཀྱང་ཡོད།
          མགོ་ཡུ་འཁོར་བ་འདི་ནི་གནས་ཚུལ་གང་འདྲ་ཞིག་གི་སྐབས་ལའང་འབྱུང་སྲིད་དེ། དཔེར་ན་བསྡད་ཡོད་པའི་སྐབས་དང་དུས་ཡུན་རིང་པོར་ཁ་པར་ལ་ལྟ་བའི་སྐབས། རྣ་བར་འཛེར་སྒྲ་ཐོས་པའི་སྐབས། ཐ་ན་གློ་ལུ་བ་དང་དབུགས་སྒོམ་པའི་སྐབས་སོགས་ལའང་འབྱུང་བ་ཡིན།

          གསུམ། མགོ་ཡུ་འཁོར་བ་ཡིན་ན་སྨན་བཅོས་ཚན་ཁག་གང་ལ་བསྟེན་དགོས་སམ།
          མགོ་ཡུ་འཁོར་བ་འདི་བསྐྱེད་པའི་ནད་རིགས་མང་པོ་ཡོད། གལ་ཏེ། མགོ་ཡུ་འཁོར་དུས། མགོ་ན་བ་དང་། རྣ་དབང་ཉམས་ཀྱང་རྣ་མི་འུར་བ། དངོས་པོར་ཉིས་གཟུགས་མཐོང་བ་ལྟ་བུ་ཡིན་ན། དབང་རྩའི་ཚན་ཁག་ལ་བསྟེན་ཆོག
          གལ་ཏེ། མགོ་ཡུ་འཁོར་བའི་ཚོར་བ་ཡོད་པར་མ་ཟད། ད་དུང་རྣ་འུར་བ་དང་། རྣ་བས་མི་གོ་བ། རྣ་དབང་ཉམས་པ་ལྟ་བུ་ཡིན་ན། རྣ་སྣ་མིད་པའི་ཚན་ཁག་ལ་བསྟེན་ཆོག 
རྩོམ་སྒྲིག་པ། བསྟན་ཆོས།