ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

གསལ་འདེབས་ཁ་ཚ་མ་སྟེ། སྨན་འདི་དག་འཐུང་རྗེས། ཆང་གཏན་ནས་འཐུང་མི་རུང་།

སྤེལ་དུས 2022-01-27 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ལོ་གསར་ཐོན་པ་ན། གཉེན་ཉེ་གྲོགས་པོ་དང་མཉམ་དུ་འདུ་འཛོམས་བྱེད་དུས། ཆང་ཕོར་བ་རེ་གཉིས་ཙམ་འཐུང་བ་ཡང་རྒྱུན་ལྡན་ཞིག་ཡིན། ཡིན་ནའང་། གཤམ་གསལ་གྱི་སྨན་འདི་དག་འཐུང་བའི་སྐབས། ཆང་གཏན་ནས་འཐུང་མི་རུང་།


          གཅིག ཐོའུ་པའོ(头孢)ལྟ་བུའི་དུག་སྲིན་འགོག་སྨན་གྱི་རིགས།
          སྨན་རྫས་འདིའི་རིགས་འཐུང་རྗེས། གལ་ཏེ་ཆང་འཐུང་བ་ཡིན་ན། ཕལ་ཆེར་ངོ་དམར་པོར་འགྱུར་བ་དང་། མིག་ནང་དུ་ཁྲག་ཐིག་འབབ་པ། མིག་དབང་རབ་རིབ་ཏུ་འགྱུར་བ། སྐེ་ཡི་ཁྲག་རྩའི་ལྡང་ཚད་དྲག་པའམ་ཡང་ན་མགོ་ལ་ན་ཟུག་ཆེན་པོ་སྐྱེ་བ། མགོ་ཡུ་འཁོར་བ། སྐྱུག་མེར་ལང་བ། དབུགས་ལེན་རྒྱུ་དཀའ་བ། བྲེད་འཐོམས་པ། ཐ་ན་འཆི་བ་སོགས་ཀྱང་འབྱུང་སྲིད།
          དམིགས་བསལ་གསལ་འདེབས་བྱེད་པ་ཞིག་ལ། ཆང་བཅུད་འདུས་པའི་སྨན་རྫས་དང་ཟས་རིགས་ཏེ། དཔེར་ན་ནང་སྙིང་དུ་ཆང་ཡོད་པའི་ཅོག་ལེ(酒心巧克力)ཟ་བ་དང་ཧུ་ཞང་ཀྲེང་ཆི་ཧྲུའེ(藿香正气水)འཐུང་བ་སོགས་བྱེད་མི་རུང་།
          གཉིས། ཏུའེ་དབྱི་ཞན་ཨན་ཅི་ཧྥུན་སྨན་ལེབ།(对乙酰氨基酚片)
          ཏུའེ་དབྱི་ཞན་ཨན་ཅི་ཧྥུན་ནི་ཆམ་པ་བྱུང་རྗེས། ཚ་བ་འཇོམས་བྱེད་ཀྱི་སྨན་ཞིག་ཡིན་པར་མ་ཟད། ད་དུང་རུས་ཚིགས་དང་མགོ་ཡི་ན་ཟུག་སོགས་འཇོམས་པ་ལ་སྤྱོད་པའི་སྨན་ཞིག་ཀྱང་ཡིན། ཞིབ་འཇུག་ལས་གསལ་བ་ལྟར་ན། སྨན་འདི་ཆང་ལ་འཕྲད་རྗེས། མཆིན་པར་གནོད་པའི་དུག་གཤིས་ཇེ་ཆེར་འགྲོ་བ་ཡིན།

          གསུམ། ཁྲག་ཤེད་གཅོག་སྨན།(降压药)
          ཆང་འཐུང་རྒྱུ་མང་ན། ཁྲག་རྩ་ཇེ་ཆེར་འགྲོ་བ་དང་། དབང་རྩར་ངར་ལངས་པ། ཁྲག་རྩའི་འགུལ་སྐྱོད་ལྟེ་བར་ཚོད་འཛིན་བྱེད་པ། སྙིང་གྲུམས་ཀྱི་སྐུམ་འཐེན་ནུས་ཤུགས་ཇེ་ཞན་དུ་གཏོང་བ་བཅས་བྱེད་པས། གལ་ཏེ། ཆང་འཐུང་བའི་སྔ་གཞུག་ལ། ཁྲག་ཤེད་གཅོག་སྨན་འཐུང་ན། ཁྲག་རྩ་ཇེ་ཆེར་གྱུར་ནས་ཁྲག་ཤེད་གློ་བུར་དུ་མར་བབས་ཏེ་ཁྲག་ཤེད་དམའ་བའམ་ཡང་ན་བརྒྱལ་བ་སོགས་འབྱུང་སླ་བ་ཡིན།
          བཞི། ཨ་སི་ཕེ་ལིན།(阿司匹林)
          ཨ་སི་ཕེ་ལིན་གྱིས་ཆང་བཅུད་དོར་བའི་གོ་རིམ་ནང་མའེ་དབྱི་ཁྲུན་ཐུའོ་ཆིང་མའེ(酶乙醇脱氢酶)ཡི་གསོན་གཤིས་ལ་ཚོད་འཛིན་བྱས་ཏེ། ཆང་བཅུད་ཀྱི་སྙིགས་དོར་བྱེད་ཚད་ཇེ་དལ་དུ་བཏང་ནས་མི་ལ་ཆང་བཅུད་ཀྱི་དུག་ཕོག་སླ་བ་ཡིན། དེ་དང་མཉམ་དུ་ཆང་འཐུང་ན། ཨ་སི་ཕེ་ལིན་གྱིས་འཇུ་ལམ་ལ་ཁྲག་འདོན་པའི་ཉེན་ཁ་ཇེ་ཆེར་གཏོང་བ་ཡིན།

          ལྔ། ལྷོད་ལ་འབབ་ཅིང་གཉིད་ཡོང་བའི་སྨན།(镇静催眠药)
          ལྷོད་ལ་འབབ་ཅིང་གཉིད་ཡོང་བའི་སྨན་རྫས་རིགས་དང་དབྱི་ཁྲུན(乙醇)གཉིས་མཉམ་དུ་འཐུང་རྗེས། གཉིད་མང་བ་དང་རིག་པ་ཇེ་རྟུལ་དུ་འགྲོ་བ། བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ། མཐུན་སྦྱོར་ནུས་པ་ཞན་པ་བཅས་ཀྱི་ནད་རྟགས་མངོན་ཞིང་། ཚབས་ཆེ་ན། འཆི་ཡང་སྲིད་པ་ཡིན།
          དྲུག ཁྲག་མངར་འབབ་པའི་སྨན།(降糖药)
          དབྱི་ཏའོ་སུའུ(胰岛素)ཡི་སྨན་ཁབ་རྒྱག་པའམ་ཡང་ན་ཁྲག་མངར་འབབ་པའི་སྨན་འཐུང་བའི་སྐབས། ལྟོ་སྟོང་ལ་ཆང་འཐུང་ན། ཁྲག་མངར་དམའ་བའི་སྣང་ཚུལ་འབྱུང་སླ་བ་ལས་གཞན། ད་དུང་སེམས་འཚབ་པ་དང་། རྔུལ་ཆུ་བཞུར་བ། ཐང་ཆད་པ། འཚུབ་ཆ་ལངས་པ། རྣམ་རིག་མི་གསལ་བ། སྐད་ཆ་མང་བ་བཅས་ཀྱི་ནད་རྟགས་ཀྱང་ཡོད།
          སྐབས་ཐོག་དེར། དུས་ཐོག་ཏུ་སྨན་བཅོས་མ་བྱས་ན། ཀླད་པའི་ཕུང་གྲུབ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་མ་ཟད། ད་དུང་འཆི་ཡང་སྲིད།