དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

འགག་སྒྲོལ་དཀའ་སེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

སྤེལ་དུས 2020-04-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          མིག་སྔར། བོད་རང་སྐྱོང་ལྗོངས་སུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པར་བཟོས་པས་དབུལ་སྒྲོལ་འགག་སྒྲོལ་ངར་ཤུགས་གཅིག་སྒྲིམ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རྒྱུས་ཀྱི་མཚམས་ཚིག་ཏུ་སླེབས་ཡོད། 
          རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ནི་འགག་རྩ་ཡིན་པ་དང་གདོང་མཆོང་དུས་སུ་ངེས་པར་དུ་ངར་ཤུགས་དེ་བས་འདོན་དགོས། 
          རིམས་འགོག་ལ་ལྷོད་གཡེང་བྱེད་མི་རུང་ལ་དབུལ་སྒྲོལ་བྱེད་རྒྱུའང་བསྒུགས་ནས་སྡོད་མི་རུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཁྲོད། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་གང་མགྱོཌ་སླར་གསོ་ཐུབ་པ་བྱས་ཏེ་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་དང་། སྤྱི་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཐབས་ཇུས། གནད་སྨིན་དོན་འཁྱོལ་གྱི་འཇོན་ཐང་བཅས་ལ་བརྟེན་ནས་རིམས་ནད་རྐྱེན་གྱིས་ཐོན་པའི་འགྲན་སློང་གསར་པར་ཁ་གཏད་ནུས་ལྡན་གཅོག་པ་དང་། རིག་པ་སྒྲིམ་པ། གཙོ་གནད་མངོན་གསལ་དོད་པ། ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་དགོས། 
          ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་མཐའ་མཇུག་ཏུ་སླེབས་སྐབས་དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་ལྟར། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་སྲོག་ཤིང་གི་ནུས་པ་གང་ལེགས་འདོན་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་རིམ་བཞིན་ནན་དུ་གཏོང་བ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ་བཅས་བྱས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་གང་མགྱོགས་སྤེལ་བ་དང་དངོས་འཛིན་དངོས་སྒྲུབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། 
          ཞན་ཆ་བསལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་འཁུར་མཚམས་མི་འཇོག་པ་དང་། སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། རོགས་སྐྱོར་བྱེད་མཚམས་མི་འཇོག་པ། ལྟ་ཞིབ་བྱེད་མཚམས་མི་འཇོག་པ་བཅས་ཀྱི“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། ས་ཁུལ་དབུལ་པོར་རོགས་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོ་མུ་མཐུད་ལག་ལེན་བསྟར་ནས་ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་རོགས་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཅས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན། མཐའ་སྐྱོང་འགན་ལེན་སོགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཧུར་ཐག་སེལ་བ། འགག་གནད་སེལ་བ། དཀའ་གནད་མེད་པ་བཟོ་བ། ཞན་ཆ་སེལ་བ་བཅས་བྱས་ཏེ་དུད་ཚང་དབུལ་པོའི་སེམས་ཁྲལ་མེད་པར་བཟོ་དགོས། 
          མང་ཚོགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། མི་དམངས་མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། རིག་སྐྱོར་དང་བློ་སྐྱོར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སློབ་གཞི་བེད་སྤྱོད་ཡག་པོ་བྱེད་པ། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས། མང་ཚོགས་དབུལ་པོའི་ནང་སྐྱེས་ཀྱི་སྒུལ་ཤུགས་དང་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།