དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

གཞི་རིམ་བཅོས་སྐྱོང་གི་འགག་རྩར་དམ་འཛིན་ནན་པོ་བྱེད་དགོས།

སྤེལ་དུས 2020-05-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གཞི་རིམ་ནི་རང་རྒྱལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་དང་གཙོ་གནད་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩ་དང་འགན་ལེན་ཡིན། རྩ་འཛུགས་སྟོབས་ཆེ་ན་གཞི་རིམ་བརྟན་ལྷིང་ཡོང་རྒྱུ་དང་གཞི་རིམ་བརྟན་ལྷིང་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་རྒྱུ་རེད། དེས་ན། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་གཤམ་གསལ་ཕྱོགས་ཁག་ནས་དམ་འཛིན་བྱེད་དགོས་པ་སྟེ།
          གཅིག་ནས་ཏང་ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ས་གནས་ཁག་གཅིག་ཏུ་གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཉམས་ཞན་དང་སྣང་མེད་མཐའ་ཟུར་དུ་ལུས་པའི་གནད་དོན་སྣ་ཚོགས་ལྷག་པར་དམིགས་ཏེ། ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་བྱས་པ་བརྒྱུད། ཏང་ཀྲི་པུའི་རྨང་གཞིའི་དོ་དམ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཏང་ཡོན་དང་མང་ཚོགས་ལ་སྔར་བས་དོ་དམ་དང་ཞབས་འདེགས་ཞུ་ཐུབ་པའི་ཉམས་སད་ཐེག་པའི་ཏང་ཀྲི་པུའུ་ཞིག་གཏོད་དགོས།
          གཉིས་ནས་རོགས་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་ནང་ཁུལ་གྱི་ཐུགས་ཁུར་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་། “ལས་ཁུངས་ཀྱི་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་གཅེས་སེམས་རོགས་སྐྱོར་ཐེབས་རྩ”འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། “ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་དོན་ཐད་རྒྱབ་སྐྱོར། ཐོབ་ཐང་འགན་ལེན། སེམས་ཁམས་ལ་ཐུགས་ཁུར་བཅས་བྱ་རྒྱུ”དུས་རབས་གསར་པར་ཏང་ནང་ཁུལ་དུ་ཐུགས་ཁུར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། དཀའ་ངལ་ཡོད་པའི་ལས་བྱེད་པ་དང་ལས་བཟོར་རང་འགུལ་ངང་རོགས་སྐྱོར་བྱེད་པ། རྒྱ་ཆེའི་ཏང་ཡོན་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་རང་འགན་གཙང་སྒྲུབ་ཀྱིས་བྱས་རྗེས་འཇོག་རྒྱུའི་ཁྲིད་སྟོན་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་རང་རྟོགས་ངང་སྒྲུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
          གསུམ་ནས་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས་ཤིང་། ཏང་འཛུགས་སྐྱོང་གི་གཏན་འབེབས་བྱ་སྤྱོད་ཁག་ཡག་པོ་སྤེལ་བ་དང་ཆབས་ཅིག ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་སྟངས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སྤྲོ་སྣང་རང་བཞིན་དང་ཞུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་ཡོན་བྱེད་སྒོ་ཁང་གི་ཕྱི་རོལ་དུ་ཁྱབ་པར་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། སྣ་མང་ཕུན་སུམ་ཚོགས་པའི་ལས་ཁུངས་ཀྱི་རིག་རྩལ་བྱེད་སྒོ་དང་བདེ་ཐང་ཤེས་བྱའི་འཆད་ཁྲིད་བྱེད་སྒོ་ཧུར་ཐག་སྤེལ་ཏེ། བྱེད་སྒོའི་ཁྲོད་ནས་གཞི་རིམ་གྱི་ཏང་ཡོན་ཚོའི་བསམ་པའི་ཉམས་འགྱུར་འཕེལ་བ་དང་། ལུས་སེམས་སྐྱིད་པོ་ཡོང་བ། གནོན་ཤུགས་ཆུང་དུ་འགྲོ་བ་བཅས་བྱེད་དགོས་པ་དང་། གཞི་རིམ་ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་དགོས། རྒྱ་ཆེའི་གཞི་རིམ་ཏང་ཡོན་ཚོར་ལས་ཀའི་རྣམ་འགྱུར་དེ་བས་ཡག་པོའི་ཐོག་ནས་ལས་དོན་ཁག་ནང་ཞུགས་རྒྱུའི་སྐུལ་འདེད་གཏོང་དགོས།