ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

འབད་བརྩོན་ཆེར་སྐྱེད་ཀྱིས་མུ་མཐུད་གངས་ལྗོངས་ས་མཐོར་གཟི་བརྗིད་གཏོད་དགོས།

སྤེལ་དུས 2021-09-15 ཡོང་ཁུངས། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ། ངག་དབང་དོན་གྲུབ་ཀྱིས་བསྒྱུར།
          ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཞིག་ཡིན་ལ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་ངོ70ནང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པའི་ཐོག་ནས་བོད་ལྗོངས་ཀྱི་རྣམ་པ་ཇེ་ལེགས་སུ་ཕྱིན་ཡོད་པ་མངོན་ཐུབ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ནས་རྒྱང་ལྟ་ཞིག་བྱས་ཚེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70རིང་གི་འགྱུར་ལྡོག་བརྒྱུད་རིམ་དེ་པར་རིས་གསལ་པོ་ཞིག་ཏུ་གྱུར་ནས་ཟིལ་རླབས་དགུང་ལ་འཕྱུར་བའི་མཛེས་རིས་རེ་རེ་བཞིན་མིག་མདུན་དུ་འཁོད་ཡོད།
          ཟླ6པའི་ཚེས1ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས《མི་དམངས་ཉིན་རེའི་ཚགས་པར》ཐོག་བཀོད་པའི་མིང་བཀོད་རྩོམ་ཡིག་ནང་བོད་ལྗོངས་ཀྱིས་ལོ་ངོ70སྟེ་དུས་ཐུང་ལོ་ངོ་བཅུ་ཕྲག་ལ་ལོ་སྟོང་ལྷག་འཕོ་འགྱུར་བྱུང་བ་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་པ་སྟེ། མཁའ་ལམ141ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར67དབར་མཁའ་ལམ་ཤར་གཏོང་ཐུབ་པ།  གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི11.88ཟིན་པ། རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ688ཟིན་པ། ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ། ལྷ་ཉིང་དབར་ལྕགས་ལམ་ཤར་གཏོང་ཐུབ་ཉེར་ཡོད་པ་བཅས་རེད། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”བཞི་སྔ་རྗེས་སུ་བསྐྲུན་ཟིན་ནས་བོད་ལྗོངས་ཀྱི་རྫོང་དབུལ་པོ74ཡི་དབུལ་ཞྭ་འབུད་པའི་མཚོན་དོན་རི་མོར་འཁོད་པ་ལྟར་མིག་ལམ་དུ་གསལ་ལེར་འཆར། ལོ་ངོ70ཡི་འབད་འབུངས་ཡར་བརྩོན་གྱི་ལམ་བུའི་ཐོག་ཕུགས་འདུན་དོན་གཉེར་བྱེད་པའི་འབད་འཐབ་ཀྱི་རྗེས་ཤུལ་བཀོད་ཡོད་པ་དང་། ལོ་ངོ70ཡི་སྤྱིར་བཏང་མིན་པའི་ལོ་ཟླའི་ནང་མངོན་གསལ་དོད་པའི་བོད་ལྗོངས་ཀྱི་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད།
          ཁ་ཕྱོགས་བརྟན་པོ་དང་། ཏང་དང་སེམས་པ་གཅིག་མཐུན། ཏང་དང་ལས་རིགས་གཅིག་པའི་ཁྲོད་གཟི་བརྗིད་མཚན་སྙན་མུ་མཐུད་རྩོམ་དགོས། དུས་ཚོད་དང་ལག་ལེན་གྱི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དེ་ནི་ཡང་དག་ལ་འོད་སྟོང་འཕྲོ་བའི་གདམ་ག་ཞིག་ཡིན་པ་ར་སྤྲོད་བྱས་པ་དེ་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དམངས་ཀྱི་འབོད་སྒྲ་གཅིག་སྡུད་དང་དམངས་སེམས་ཀྱི་གཏད་ཕྱོགས་ཤིག་ཀྱང་རེད། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་གི་བཀོད་འདོམས་ལ་ཉན་པ་བཅས་བྱས་ནས་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 
          འབད་འབུངས་ཡར་བརྩོན་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་དང་གསར་འབྱེད་གསར་གཏོད་ཁྲོད་གཟི་བརྗིད་མུ་མཐུད་རྩོམ་དགོས། 1978ལོར་བོད་ལྗོངས་ཀྱིས་དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་བསྟུན་ནས་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་བརྩམས་ཏེ་བོད་ལྗོངས་ཀྱི་དར་རྒྱས་གོང་འཕེལ་ལ་རམ་འདེགས་ཀྱི་གཤོག་ཟུང་བཙུགས་ཡོད། སྒྱུར་བཅོས་ཀྱིས་ནང་མཁོའི་སྟོབས་ཤུགས་འཕེལ་བར་བྱས་ཡོད། སྒོ་དབྱེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱི་ལྡོག་མེད་ཅིག་རེད། སྒོ་འབྱེད་པའི་བསམ་ཚུལ་རྒྱུན་འཛིན་བྱས་ཏེ། སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་རང་འགུལ་ངང་སློབ་སྦྱོང་དང་ནང་འདྲེན་བྱས་ཏེ། མི་བཀོལ་སྤྱོད་ཀྱི་དགེ་མཚན་དང་ཞན་ཆ་གསབ་དགོས། ལུགས་དང་མི་མཐུན་པའི་སྒྲིག་སྲོལ་དང་ལམ་སྲོལ་དུས་ཐོག་ཏུ་བསྒྱུར་བཅོས་དང་། གཉེར་སྐྱོང་འཕེལ་རྒྱས་གཏོང་སྟངས་གསར་གཏོད། ས་མཐོའི་ཕྱུག་འགྱུར་གྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བཅས་བྱེད་དགོས།
          འབྱུང་འགྱུར་ལ་དམིགས་ཏེ་ལྗང་མདོག་ཐཱན་ཉུང་དང་སྣོད་བཅུད་འཕེལ་རྒྱས་ཁྲོད་གཟི་བརྗིད་མུ་མཐུད་གཏོད་དགོས། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་རང་བྱུང་ཁོར་ཡུག་གི་ཚོད་འཛིན་ཆེན་པོ་ཕོག་ཡོད་མོད། འོན་ཀྱང་དེའི་ཐོག་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཁོར་ཡུག་གི་རིན་དོད་དུ་གཏོང་དགོས་པ་མཚོན་གྱི་མེད། དེ་ལས་ལྡོག་སྟེ་ང་ཚོས་ངེས་པར་དུ་འབྱུང་འགྱུར་ལ་དམིགས་ནས་འགལ་རྐྱེན་ཁྱད་ཡོན་དུ་འགྱུར་བ་བྱེད་རྒྱུ་དེ་ལེགས་ཆའི་ཆ་རྐྱེན་དུ་བརྩིས་ནས་དཔལ་འབྱོར་གོང་འཕེལ་དང་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུ་གཉིས་གཅིག་གྱུར་དམ་ཟབ་བྱས་ཏེ་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་བསྟར་བྱས་ནས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་འཆར་འགོད་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཡུལ་སྐོར་ལས་རིགས་དང་། ཞིང་འབྲོག་ཐོན་རྫས་བཟོ་སྣོན་ལས་རིགས། ཉི་ནུས་ཐོན་ལས་བཅས་གོང་འཕེལ་གཏོང་དགོས། ལྗང་མདོག་ཐོན་ལས་གོང་འཕེལ་གཏོང་རྒྱུར་དོ་སྣང་བྱས་ཏེ་སྔོ་ཞིང་གཙང་བའི་རི་སྔོན་ཆུ་དྭངས་དེ“གསེར་རི་དངུལ་རིར”འགྱུར་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་རྒྱུན་མཐུད་ཡོང་རྒྱུར་བརྩོན་དགོས།
          ལོ་ངོ70ཡི་རིང་དཀའ་སྤྱད་སྙིང་རུས་ཀྱིས་སྤྱོད་ལམ་བཟང་པོ་དར་སྤེལ་བཏང་བ་དང་། དཀའ་སྡུག་ཚད་མེད་མྱངས་ཀྱང་སྔར་བཞིན་སྐྱེ་སྟོབས་འབར་བའི་ན་གཞོན་ཞིག་རེད། རྒྱང་སྐྱོད་ལམ་བུ་གསར་པའི་དུང་བརྡ་གྲགས་པ་དང་། མགོ་བརྩམས་པ་ནས་བཟུང་འབད་བརྩོན་ཆེན་པོས་རྡོག་ཐོན་བྱེད་པ། ཀྲུང་གོའི་ཕུགས་འདུན་གྱི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་བསུ་བ་ཞུ་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་གཟི་བརྗིད་གསར་པ་མུ་མཐུད་གཏོད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།