ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས།

སྤེལ་དུས 2022-08-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཟླ་8ཚེས་16ཉིན་དཔེ་སྐྲུན་བྱས་པའི་དུས་ཐེངས་16པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
  གསུང་རྩོམ་ནང་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་པ་དང་། འཕེལ་རྒྱས་ཀྱི་དམིགས་ཡུལ་དང་། སྒུལ་ཤུགས། བྱེད་ཐབས། ཐབས་ལམ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་མ་ཟད། འཕེལ་རྒྱས་སྐོར་གྱི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་གི་སྟོན་ཕྱོགས། འཕེལ་རྒྱས་ཀྱི་རྣམ་པ། འཕེལ་རྒྱས་ཀྱི་ལམ་བུ་སོགས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་གསལ་བཤད་བྱས་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས།
  གསུང་རྩོམ་ནང་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཏན་ཏིག་བསྟར་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཧྲིལ་པོ་ཞིག་ཡིན། ཀྲུང་དབྱང་རིམ་པ་དང་ཡང་ན་སྡེ་ཚན་རིམ་པ་ཡིན་ནའང་འདྲ། དེ་བཞིན་ཞིང་ཆེན་རིམ་པ་དང་ཞིང་ཆེན་མན་གྱི་རིམ་ཁག་རིམ་པ་གང་ཞིག་ཡིན་རུང་། ལག་བསྟར་དོན་འཁྱོལ་བྱེད་རིང་ཆ་ཚང་བ་ཁོང་དུ་ཆུད་པ་དང་། གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ལག་བསྟར་བྱེད་དགོས། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་དབྱེ་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ཚང་མར་ལས་དོན་ཁྲོད་དོ་ཁུར་བྱས་ནས་མཉམ་དུ་ནུས་ཤུགས་བཏོན་ཏེ་མཉམ་ཤུགས་ཆགས་པ་བྱེད་དགོས་པ་ལས་ལྕི་ཡང་མི་སྙོམས་པ་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་།
  གསུང་རྩོམ་ནང་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་ངེས་པར་དུ་ཐུན་མོང་ཕྱུག་འགྱུར་གྱི་གནད་དོན་ལ་དེ་བས་སྣང་ཆེན་བྱེད་དགོས། ཐུན་མོང་ཕྱུག་འགྱུར་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་ཞིག་ཡིན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་སྐོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་གནད་དོན་དེ་རྒྱུན་ཆད་མེད་པར་རིམ་བཞིན་ཐག་གཅོད་ཡག་པོ་བྱེད་དགོས། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་ལ། དངོས་ཡོད་ཀྱི་ལས་འགན་ཞིག་ཀྱང་ཡིན་པས། དངངས་འཚབ་བྱེད་མི་རུང་ལ་སྒུག་ཀྱང་མི་རུང་བར། ངེས་པར་དུ་དེ་བས་གལ་ཆེ་བའི་གནས་བབ་ཐོག་བཞག་ནས་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམིགས་ཚད་དེའི་ཆེད་དུ་དེ་བས་འབད་བརྩོན་ཆེན་པོ་བྱེད་དགོས།
  གསུང་རྩོམ་ནང་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་མཛུབ་ཁྲིད་དང་ཁྲིད་སྟོན་བྱེད་དགོས་ལ། སྒྱུར་བཅོས་ཟབ་གཏོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་ཡང་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་བྱེད་དགོས། ད་ཡོད་སྒྱུར་བཅོས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་གཞི་ཚུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གསར་གཏོད་ནུས་པ་ཆེ་རུ་དང་། འཕེལ་རྒྱས་དོ་མཉམ་ཡོང་བར་སྐུལ་འདེད། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ཀྱི་ཇུས་གཞི་དེ་བས་གནད་སྨིན་འདོན་པ་དང་ལམ་ལུགས་ཀྱི་མ་ལག་དེ་བས་ཆ་ཚང་དུ་གཏོང་དགོས།
  གསུང་རྩོམ་ནང་བསྟན་དོན། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་སྤྱི་འདོམས་བྱས་ཏེ་སྔ་བསམ་རང་བཞིན་གྱི་བསམ་གཞིགས་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཇུས། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱེད་དགོས།
  གསུང་རྩོམ་ནང་བསྟན་དོན། ཆབ་སྲིད་ཐད་ནས་གནད་དོན་ལ་ལྟ་མཁས་པོ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་བླང་བྱ་རེད་ལ། ཆབ་སྲིད་ཀྱི་བླང་བྱ་ཧ་ཅང་གལ་ཆེན་ཞིག་ཀྱང་རེད། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་བཅས་ཚང་མ་ཆབ་སྲིད་དང་འབྲེལ་བ་ཡོད་པས་ཆབ་སྲིད་དང་ཁ་འབྲལ་ཐབས་མེད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་གལ་ཆེ་ཤོས་ནི་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་འབྲེལ་བ་སྣ་ཚོགས་ཐག་གཅོད་ཡག་པོ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། དུས་བབ་ཇི་ཙམ་གྱིས་རྙོག་འཛིང་ཆེ་བ་དང་ལས་འགན་ཇི་ཙམ་གྱིས་དཀའ་ཚེགས་ཆེ་བ་ཡོད་ཚེ། ལས་དོན་ཁྲོད་དེ་ཙམ་གྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“རྒྱལ་ཁབ་ཀྱི་དོན་ཆེན”ཁོང་དུ་གསལ་པོ་ཆུད་པར་བྱས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་འཆར་འགོད་དང་། སྲིད་ཇུས་གལ་ཆེན་བཟོ་བ། ལས་འགན་གལ་ཆེན་བཀོད་སྒྲིག ལས་དོན་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ཁྲོད་ནས་མངོན་པར་བྱས་ཏེ་རྟག་ཏུ་ཚད་གཞི་དང་ཡང་ཡང་བསྡུར་ནས་དུས་ཐོག་ཏུ་ཡོ་བསྲང་ལེགས་བཅོས་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།