ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་མེད་པར་བཟོ་དགོས།

སྤེལ་དུས 2022-08-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
  མིག་སྔར། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དཀའ་ལས་ཁག་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་མོད། འོན་ཀྱང་ས་ཆ་འགའ་ཞིག་གི་ལས་དོན་ལ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ཐོན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས། རྣག་ཐོག་གཙག་འཁེལ་དང་རྨོངས་གཉིད་ལས་སད་དགོས་པའི་ནན་ཚིག་གསུངས་ཡོད། ཁོང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་མེད་པར་བཟོ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཡུལ་ས་འདིར་མི་ཚང་མ་འཐབ་འཛིང་བ་རེད།
  རིམས་འགོག་ལས་དོན་སྤེལ་རིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་མི་དམངས་ལ་འགན་མི་འཁུར་བ་ཞིག་ཡིན་པ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ནོར་འཁྲུལ་དང་འགན་འཁྲི་འཁུར་སེམས་མི་འདང་བ་ཞིག་ཡིན་པས། གལ་ཏེ་འགན་འཁྲི་མི་འཁུར་བའི་རྐྱེན་གྱིས་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་བཟོས་ཚེ་བཟོད་སྒོམ་གཏན་ནས་བྱ་མི་རུང་བ་ཞིག་རེད། དེའི་ཐད་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་འགོ་ཁྲིད་གཙོ་བོ་འཐབ་ས་དང་པོར་སྐྱོད་པ་དང་། ས་གནས་ས་ཐོག་ཏུ་བཀོད་འདོམས། ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་དུས་མཚུངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་བཏོན་པའི་དཔེ་མཚོན་གྱོད་དཔེ་དག་སྒྲིག་ལམ་དང་སྒྲིག་ཁྲིམས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་དང་མྱུར་པོ་བྱས་ནས། ཉེན་བརྡ་དང་ཟིལ་གནོན་གྱི་ནུས་པ་བཏོན་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱེད་པར་སྐུལ་ལྕག་བཏང་བ་རེད།    
  རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་མིག་སྔའི་དོན་ཆེན་ཡིན་པས་ངེས་པར་དུ་དམ་འཛིན་ལྷོད་མེད་བྱེད་དགོས། བོད་ལྗོངས་སུ་སྤྱི་ཚོགས་ཐོག་རིམས་ནད་སྐབས་བསྟུན་གཙང་བཟོའི་དམིགས་ཚད་གང་མགྱོགས་མངོན་འགྱུར་བྱེད་པའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས། རིམས་ནད་གཙང་སེལ་བྱེད་པའི་དུས་ཚོད་བརྩོན་ལེན་བྱེད་དགོས་པ་ལས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་རྩ་ཆེའི་དུས་ཚོད་འཕྲོ་བརླག་གཏན་ནས་གཏོང་མི་རུང་། འགོ་ཁྲིད་ལས་བྱེད་པས་འགན་གཙང་ལེན་པའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ། རིམས་ནད་འགོག་པའི་འཐབ་ས་དང་པོ་ནས་གནད་དོན་ཐག་གཅོད་བྱེད་དགོས། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མ་འདིར་དམ་འཛིན་ཡག་པོ་བྱས་ནས་རིམས་འགོག་གི་འཐབ་ས་དང་པོ་ནས་གནད་དོན་ཐག་གཅོད་བྱེད་དགོས། བཀག་སྡོམ་བྱས་ཀྱང་ཚོད་འཛིན་མི་བྱེད་པ་དང་དོ་དམ་ནན་པོ་མི་བྱེད་པ་གཏན་འགོག་བྱས་ཏེ། ཁུག་གསང་སྟོང་གསུམ་མ་ལུས་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་རིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་བཅོས་སྒྲིག་བྱས་ཏེ། དེ་བས་གནད་སྨིན་གྱི་བྱ་སྤྱོད་དང་དེ་བས་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། དུས་ཚོད་ཐུང་ཤོས་ཀྱི་ནང་དུ་སྤྱི་ཚོགས་ཐོག་རིམས་ནད་གཙང་བཟོ་ཐུབ་པའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད་དགོས།
  རྩོམ་སྒྲིག་པ། བདེ་སྒྲོན།