ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་མཛོད་དགའ་འཁྱིལ།

ངོ་མཚར་བརྗོད་ལས་འདས་པའི་བརྙན་རིས།

སྤེལ་དུས 2021-07-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

        1921-2021ལོའི་བར་དུ་དཀའ་བ་ཁྱད་དུ་བསད་ནས་དུས་རབས་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། འདས་པའི་ལོ་ངོ་བརྒྱ་ཡི་རིང་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དབུལ་ཞིང་ཉམ་ཐག་པ་ནས་རྒྱལ་ཕྱུག་དམངས་སྟོབས་སུ་གྱུར་པ་དང་། བརྙས་བཅོས་ཚད་མེད་མྱངས་པ་ནས་ཤར་ཕྱོགས་སུ་ཀྲོང་ངེར་འགྱིང་བ། ཡར་ལངས་པ་ནས་ཕྱུག་པོ་ཆགས་ཏེ་ད་ལྟ་སྟོབས་འབྱོར་མངའ་ཐང་ལྡན་པར་གྱུར་ཡོད།  འདས་པའི་ལོ་ངོ་བརྒྱ་ནི་ཏག་ཏག་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྫོགས་ལྡན་གྱི་ལོ་ཟླ་ཞིག་ཡིན་ལ། མ་འོངས་པར་སྔར་བཞིན་ཆར་རླུང་དང་བུ་ཡུག་གི་ཁྲོད་ནས་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་དགོས། ང་ཚོར་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་ནི་དཀའ་སྡུག་སེལ་བའི་བློ་སྟོབས་དང་། དམངས་སེམས་གཅིག་ཏུ་ཕྱོགས་པའི་མཐུན་སྒྲིལ། བློ་བརྟན་འགྱུར་མེད་ཀྱི་དད་མོས་བཅས་ཡིན།