ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གློག་ཁུངས་བསྒར་སྣེ་འདི་རིགས་ལ་ཉེན་ཁ་ཡོད་པས་གཟབ་དགོས།

སྤེལ་དུས 2022-08-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཁྱོད་ཀྱིས་གློག་ཁུངས་བསྒར་སྣེ་སྟེང་གི་ཁུང་བུ་དེའི་རིགས་ལ་མཉམ་འཇོག་བྱས་མྱོང་ངམ། རྒྱུས་ལོན་པ་ལྟར་ན་ཁུང་བུ་ཅན་གྱི་གློག་ཁུངས་བསྒེར་སྣེ་དེའི་རིགས་ནི་ཕྱིར་གཏོང་ཐོན་རྫས་ཡིན་པ་དང་རྒྱུན་དུ་ལྗར་པན་དུ་མཐོང་རྒྱུ་ཡོད་པ་རེད། རང་རྒྱལ་གྱི་འབྲེལ་ཡོད་གློག་ཆས་ཚད་གཞི་ལྟར་ན། ཁུང་བུ་ཅན་གྱི་གློག་གསོག་དེའི་རིགས་དོར་ཟིན་པ་དང་། རྒྱལ་ནང་དུ་རྒྱུན་སྤྱོད་བྱེད་བཞིན་པའི་བསྒར་ཁུང་ནང་རོལ་དུ་ཁུང་བུ་དེ་གཏན་འཇགས་བྱེད་པའི་འབུར་ངོས་མེད་པས། བསྒར་སྣེ་དེ་རིགས་བརྟན་པོ་ཡོང་མི་སྲིད།
     ཕྱོགས་གཞན་ཞིག་གི་ཆ་ནས་བཤད་ན། ལྗར་པན་གྱི་ཁྱིམ་ཚང་ནང་གི་གློག་གནོན་ཀྲུང་གོ་དང་མི་འདྲ་བས། གལ་ཏེ་གློག་གནོན་མི་འདྲ་བའི་ཐོན་རྫས་དེ་རིགས་བེད་སྤྱོད་བཏང་ཚེ་ལྷུ་ལག་ལ་ཆག་སྐྱོན་ཐེབས་སྲིད།
     འོ་ན་ཁྱེད་ཚང་གི་གློག་ཆས་སྟེང་དུ་བསྒར་སྣེ་འདི་རིགས་ཡོད་དམ།