ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

མཚོ་སྔོན་ནས་ལོ་ངོ31གོང་གི་མི་གསོད་གྱོད་གཞི་ཞིག་རྩད་ཆོད་འདུག

སྤེལ་དུས 2022-05-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་སྤྱི་བདེ་ཅུས་ཀྱིས“ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་སེལ། གྱོད་གཞི་ཉུང་གཏོང་། བདེ་འཇགས་འགན་ལེན”བཅས་ཀྱི་ཆེད་དོན་ལས་འགུལ་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། མི་བསད་པའི་གྱོད་གཞི་རྙིང་པ་ཞིག་གི་འགག་སྒྲོལ་ལས་དོན་ལ་དམིགས་ནས་ལོ་ངོ31གོང་གི་མི་གསོད་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་རེད།
        1991ལོའི་ཟླ4པའི་ཚེས30ཉིན་གྱི་དགོང་མོར། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་ཆང་རག་བཏུང་རྗེས་གྲོང་ཚོ་གཅིག་པའི་ཡུལ་མི་ཝང་ཆེ་གེ་མོ་དང་རྩོད་པ་ཤོར། དེ་རྗེས་ཀྲང་ཆེ་གེ་མོས་གྲི་ཁྱེར་ནས་ཝང་ཆེ་གེ་མོའི་བཟའ་ཟླ་ཀུའོ་ཆེ་གེ་མོར་རྨས་སྐྱོན་བཏང་བས་རང་སར་ཚེ་ལས་འདས་པ་རེད། གྱོད་གཞི་ཐོན་རྗེས་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་བྱས་ཉེས་ལ་སྐྲག་ནས་བྲོས་བྱོལ་དུ་སོང་། 2022ལོའི་ཟླ3པར་ཁུངས་སྣེར་ཞིབ་གཅོད་དང་དཔྱད་བསྡུར་དབྱེ་ཞིབ་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་དེ2012ལོར་ནད་གཞིས་རྐྱེན་པས་ས་ཆ་གཞན་ནས་ཁྱིམ་དུ་ལོག་རྗེས་འདས་པ་དང་། ཁོའི་གཅུང་པོས་གྲོང་ཚོ་དེའི་ས་ཞིང་ནང་དུར་སྦས་བྱས་པ་ཤེས་རྟོགས་བྱུང་། 2022ལོའི་ཟླ4པའི་ཚེས1ཉིན་རྟ་ཐང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་གཞོགས་འདེགས་འོག་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོའི་ཤུལ་ལུས་ཀེང་རུས་སྔོག་འདོན་བྱས་ནསDNAབླངས་ཏེ་ཞིབ་བསྡུར་བྱས་པ་བརྒྱུད་མིའི་ལུས་པོའི་ཤུལ་ལུས་ཀེང་རུས་དེ་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས།
        འདྲི་རྩད་བྱས་པ་བརྒྱུད། ཀྲང་ཆེ་གེ་མོའི་གཅུང་པོ་ཀྲང་ཆེ་གེ་མོས་ཁོང་ནད་གཞི་ཕོག་ནས་ཕ་ཡུལ་དུ་ལོག་ཅིང་། ནད་གཞིས་རྐྱེན་པས་འདས་རྗེས་ཁ་རོག་གེར་སྦས་པའི་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་བྱས། མིག་སྔར་རྟ་ཐང་ཉེན་རྟོག་ཕྱོགས་ཀྱིས་རྗེས་འབྲང་ཉེས་ཅན་ཀྲང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།