ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཐ་མག་རྫུན་མ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིག་རྩད་ཆོད་ཐུབ་འདུག

སྤེལ་དུས 2023-10-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཉམ་འབྲེལ་ཐོག་རྟོག་ཞིབ་བྱས་ནས་གཉེར་བའི་སྤྱི་ལོ་2022ལོའི་1.18ཀྱི་ཐ་མག་རྫུན་མ་བྲིན་འཚོང་བྱེད་པའི་དྲྭ་བའི་གྱོད་གཞི་ཆེན་པོ་ཞིག་རྟོག་ཞིབ་ཐུབ་ནས་ཐ་མག་རྫུན་མ་རྡར་ཚན་5402རྩད་ཆོད་ཐུབ་པ་དེ་རིན་གོང་སྒོར་ཁྲི་82.53ཟིན་པ་དང་། དེའི་ཁྲོད་དོགས་ཡོད་ཉེས་ཅན་པ་གཅིག་གིས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་དོགས་གཞི་ཡོད་པས་དུས་བཀག་བཙོན་འཇུག་ལོ་1དང་ཟླ་བ་6བྱ་རྒྱུ་དང་སྦྲགས་དངུལ་ཆད་སྤྱོད་རྒྱུ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཐ་མག་ཆ་ཚང་གཞུང་བཞེས་བཏང་ཡོད་པ་དང་། དོགས་ཡོད་ཉེས་ཅན་པ་གཉིས་འཛིན་བཟུང་བྱས་ནས་ཞིབ་བཤེར་བྱ་རྒྱུ་སྒུག་པའི་བར། ལྷ་ས་གྲོང་ཁྱེར་གྱིས་ཐ་མག་རྫུན་མ་ཉོ་བསྒྲུབས་དང་། ཉར་ཚགས། བྲིན་འཚོང་བྱེད་པའི་དྲ་བ་ཞིག་རྒྱལ་ཁའི་ངང་རྩ་མེད་བཟོས་པ་དེའང་། བོད་ལྗོངས་ཡོངས་སུ་རྩད་ཆོད་ཐུབ་པའི་ཐ་མག་དང་འབྲེལ་བའི་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གྱོད་གཞི་ཆེན་པོ་ཐོན་ཐོག་མ་དེ་ཡིན་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།