ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྐོག་རྔན་སྒོར་བྱེ་བ7.94ལྷག་བླངས་པའི་སྤྱི་བདེ་ཐིང་གི་འགོ་ཁྲིད་་་

སྤེལ་དུས 2023-11-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ལྐོག་རྔན་སྒོར་བྱེ་བ7.94ལྷག་བླངས་པའི་སྤྱི་བདེ་ཐིང་གི་འགོ་ཁྲིད་འདིར་འདྲི་གཅོད་བྱས་འདུག
             སྤྱི་ལོ་2023ལོའི་ཟླ་11ཚེས་23ཉིན། ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཟུར་པ་ལི་ཁྲུན་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ལ་འདྲི་ཞིབ་བྱས་པ་རེད། 
             ཁྲེན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། སྤྱི་ལོ་2001ལོའི་ལོ་སྨད་ནས་2022ལོའི་ཟླ་5པའི་བར་ཞུ་སྦྱོར་ཕྱི་མ་ལི་ཁྲུན་ཧྲེང་གིས་ཧོ་ནན་ཞིང་ཆེན་ཤིན་རྫོང་གི་རྫོང་དཔོན་དང་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། སྤྱི་བདེ་པུའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པ། མི་དོན་སྦྱོང་བརྡར་ཅུས་ཀྱི་ཅུས་ཀྲང་། ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་སོགས་གོ་གནས་ཀྱི་སྟབས་བདེ་དང་འགན་དབང་། གནས་བབ་བཅས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ཁེ་ལས་གཉེར་སྐྱོང་དང་། ལས་གཞིར་སྐུལ་འཕེལ། ལས་གྲྭ་འགན་ལེན། ལས་གནས་སྤར་བ་སོགས་ཀྱི་ཐད་ལ་རོགས་བྱས་ཤིང་། ཁྲིམས་འགལ་གྱིས་རྒྱུ་དངོས་ལྐོག་རྔན་ལེན་བྱས་པ་སྟེ། ལྐོག་ལེན་བྱས་པའི་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་བྱེ་བ་7.94ལྷག་བླངས་ཡོད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པར་བརྟེན་ནས་ལི་ཁྲུན་ཧྲེང་གི་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུའི་རེ་བ་བཏོན་ཡོད།

             ཁྲིམས་སའི་འདྲི་གཅོད་ཁྲོད་དུ། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་ལི་ཁྲུན་ཧྲེང་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས།རྩོད་བཤེར་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ་དང་།ལི་ཁྲུན་ཧྲེན་གྱིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་འཇོག་པ་དང་ཕྱིས་སུ་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
             མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་30ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།