ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཉེས་དོན་གྱོད་གཞི་ཆུང་གྲས་མྱུར་དུ་ཐག་གཅོད་བྱེད་ཐབས་བཏོན་པ།

སྤེལ་དུས 2023-12-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

              འདི་ནི་ཁྲེང་ཀོན་ཆུས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་གན་རྒྱ་འཇོག་པའི་མཛད་སྒོ་འཚོག་བཞིན་པ།
              ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲེང་ཀོན་ཆུས་ཉེས་དོན་གྱོད་གཞི་སྒྲུབ་པའི་དོན་དངོས་དང་ཟུང་འབྲེལ་དང་། སྲོལ་རྒྱུན་གྱི་ཉེས་དོན་གྱོད་གཞི་སྒྲུབ་སྟངས་གསར་བརྗེ། ཉེས་དོན་གྱོད་གཞི་སྒྲུབ་སྟངས་གསར་པ་ཧུར་ཐག་འཚོལ་བ་བཅས་བྱས་ནས་མྱུར་གཅོད་བརྒྱུད་རིམ་དང་སྟབས་བདེའི་བརྒྱུད་རིམ་གྱི་གྱོད་གཞི་ཁག་གཅིག་སྟབས་བདེའི་ཉེས་དོན་གྱོད་གཞིར་བརྩིས་ནས་མྱུར་དུ་ཐག་གཅོད་ཐུབ་ཆེད། 《ཁྲེང་ཀོན་ཆུས་ཁྲིམས་ཁང་དང་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ཉེས་དོན་གྱོད་གཞི་ཆུང་གྲས་ཀྱི་མྱུར་གཅོད་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་བཟོས་པས། མི་དང་། གྱོད་གཞི། བརྒྱུད་རིམ་བཅས་འབྲེལ་མཐུད་དམ་ཚགས་ཐུབ་ནས་ཁྲིམས་འཛིན་གྱི་ནུས་པ་ཆེ་ཤོས་ཐོན་པ་རེད།
             ཉེ་དུས། ཁྲེང་ཀོན་ཆུས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཉེས་དོན་གྱོད་གཞི་ཆུང་གྲས་མྱུར་གཅོད་ལམ་སྲོལ་དོན་འཁྱོལ་བྱེད་པའི་ཐད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་གན་འཇོག་མཛད་སྒོ་གཉེར་བ་རེད།
《ཁྲེང་ཀོན་ཆུས་ཁྲིམས་ཁང་དང་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ཉེས་དོན་གྱོད་གཞི་ཆུང་གྲས་མྱུར་གཅོད་ཀྱི་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ་དེ་ནི་ཁྲེང་ཀོན་ཆུས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཉེས་དོན་གྱོད་གཞི་དཀའ་སླ་ཁག་བགོས་ཀྱི་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་གལ་ཆེན་ཞིག་རེད། བྱེད་ཐབས་དེའི་བླང་བྱ་དང་མཐུན་པའི་གྱོད་གཞིར་ཆེད་མིས་སྒྲུབ་གཉེར་བྱས་ནས། ཚད་ལྡན་དང་། ནུས་ཆེ། ཆེད་ལས་བཅས་ཀྱི་གྱོད་གཞི་སྒྲུབ་པའི་དམིགས་ཚད་མངོན་འགྱུར་བྱས་པ་དང་། གྱོད་གཞི་ཆུང་གྲས་མྱུར་གཅོད་ཚོགས་ཆུང་གི་གྱོད་གཞི་བདག་སྤྲོད་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོས་ཏེ། གྱོད་སྒྲུབ་ཀྱི་དུས་ཚད་ཐུང་དུ་དང་གྱོད་གཞི་སྒྲུབ་པའི་ལས་ཕྱོད་ཆེ་རུ་བཏང་སྟེ། ཁྲིམས་འཛིན་ཐོན་ཁུངས་གྲོན་ཆུང་ཐད་ཀྱི་ནག་ཉེས་ངོས་ལེན་ཞུས་རིགས་ལ་གུ་ཡངས་གཏོང་བའི་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་བཏོན་པས། ཉེས་དོན་གྱོད་གཞི་སྒྲུབ་པའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པ་རེད། 
           ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་ཐབས་དེས་ཉེན་ཁའི་འཁོར་གཏོང་དང་རྐུ་འཕྲོག་སོགས་ཀྱི་ཉེས་གསོག་གནས་ཚུལ་ཚབས་ཆུང་རིགས་ལ་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་གསུམ་མན་དང་། བཙན་ཉར་ལས་སྐུལ། ལྟ་འདོམས་བཅས་བྱེད་པའི་གྱོད་གཞིའམ་ཡང་ན་ཁྲིམས་ལྟར་དངུལ་ཆད་ཁོ་ན་གཏོང་བའི་གྱོད་གཞིར་སྟབས་བདེའི་བརྒྱུད་རིམ་གྱི་ཆ་རྐྱེན་སྤྱོད་པར་འཚམ་པ་མ་ཟད། ཉེས་གསོག་དོགས་ཅན་གྱིས་མྱུར་གཅོད་ལ་བསམ་འཆར་མེད་རིགས་མྱུར་གཅོད་ལམ་སྲོལ་བརྒྱུད་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།