ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལི་ཏུང་གིས་ལྐོག་རྔན་བླངས་པའི་དོཊ་ཡོད་གྱོད་གཞི་གཞུང་གཏུག་བྱས་པ།

སྤེལ་དུས 2023-12-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།

              གསར་འགོད་པས་ཚེས་1ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཏུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་འགྲིལ་བྱས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་པ་བརྒྱུད། ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཁྲིམས་སྦྱོར་བྱས་པ་རེད། ཉེ་ཆར། དབྱི་ཁྲུན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དབྱི་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་འདུག 
              ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་གྱི་དུས་མཚམས་སུ་ཞུ་སྦྱོར་ཕྱི་མ་ལི་ཏུང་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཞུ་གཏུག་དབང་ཆ་ཁྲིམས་ལྟར་གསལ་བཤད་བྱས་པ་དང་འབྲེལ། ཞུ་སྦྱོར་ཕྱི་མ་ལི་ཏུང་ལ་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ལ་ཉན་ཡོད་པ་རེད། 
              ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་ལི་ཏུང་གིས་ཧྲིན་ཧྭ་ཇུན་གར་རྡོ་སོལ་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་གཉེར་བ། ཧྲིན་ཧྭ་ཚོགས་པའི་ཇུན་གར་ནུས་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཏུང་ཧྲི་ཀྲང་། ཧྲིན་ཧྭ་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ། ཧྲིན་ཧྭ་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་སོགས་ཀྱི་འགན་འཁུར་བའི་གོ་གནས་ཐོག་གི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

རྩོམ་སྒྲིག་པ། མང་ག་མཚོ།