ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས།

གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་821.25ཟིན་པའི་གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་བཅད་པ།

སྤེལ་དུས 2023-12-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

 

          ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་གཅིག་འཛིན་བཟུང་བྱས་པ་དང་། ཁྲིམས་ལྟར་གཞུང་ཐམ་རྫུས་མ་44ཞིབ་བཤེར་ཐུབ་པ་དང་བཀག་ཉར་བྱས་ཤིང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་821.25ཟིན་གྱི་ཡོད་པ་རེད། 
          ད་ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་ལུའོ་ཆེ་གེ་མོས་ཁང་པ་ཉོ་ཁུངས་ཡོད་ལུགས་ལ་ཁ་གཡར་ཏེ་བྱམས་ཆེ་གེ་མོ་སོགས་མི་17གྱི་ས་ནས་ཁྱོན་དངུལ་སྒོར་ཁྲི་821.25མགོ་སྐོར་བཏང་འདུག་ཅེས་པའི་གྱོད་དོན་སྙན་སེང་འབྱོར། སྙན་སེང་འབྱོར་རྗེས། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པའི་ཉེན་རྟོག་ཧྲག་པོ་སྒྲིག་འཛུགས་བྱས་ཏེ་ཕྱོགས་ཡོངས་ནས་བརྟག་དཔྱད་དཔང་ལེན་བྱེད་འགོ་བཙུགས་པ་རེད། གྱོད་གཞི་ཐོན་རྗེས། ལུའོ་ཆེ་གེ་མོས་སོ་སོའི་ནག་ཉེས་གཞན་གྱིས་ཤེས་ཀྱི་རེད་སྙམ་ནས་བྲོས་བྱོལ་དུ་སོང་། གནོད་འཚེ་ཕོག་མཁན་གྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་གཞིར་བཟུང་། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ལུའོ་ཆེ་གེ་མོའི་དྲ་བའི་ལས་སྟེགས་དང་ཁ་པར་གྱི་ཟིན་ཐོ་སོགས་ལ་དབྱེ་ཞིབ་ཞིབ་ཚགས་བྱས་པས། ཁོ་པའི་ཉེས་གསོག་དཔང་རྟགས་ཁོང་དུ་ཆུད་པ་དང་ཆབས་ཅིག མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ལུའོ་ཆེ་གེ་མོ་དྲ་ཐོག་གི་བྲོས་བྱོལ་བར་གཏན་འཁེལ་བྱས་པ་རེད།
          གྱོད་གཞི་ཐོན་རྗེས། ཉེན་རྟོག་པའི་འཛིན་བཟུང་ལས་གཡོལ་ཆེད། ལུའོ་ཆེ་གེ་མོས་གབ་ས་ཐེངས་མང་བརྗེས་པ་མ་ཟད། ཕྱི་རོལ་དང་འབྲེལ་གཏུགས་གཏན་ནས་བྱས་མེད། དེའི་རིང་། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ལུའོ་ཆེ་གེ་མོའི་རྣམ་ཀུན་འབྲེལ་འདྲིས་ཆེ་བའི་མི་གཙོ་བོར་བཞག་ནས་རེ་རེ་བཞིན་ལ་འདྲི་རྩད་དང་བརྟག་དཔྱད་གཏིང་ཟབ་བྱས་མཐར། ཟླ་10ཚེས་26ཉིན་གྱི་དགོང་མོ། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོ་ལྷ་ཉིང་མྱུར་བགྲོད་གཞུང་ལམ་ལྷ་ས་དུམ་བུའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནས་འཛིན་བཟུང་ཐུབ་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོ་ནི་ལྷ་ས་གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་ཞིག་ཡིན་པ་དང་། རྣམ་ཀུན་རྒྱན་འགྱེད་ལ་ཧ་ཅང་དགའ་པོ་ཡོད་པས། བུ་ལོན་སྒོར་ཁྲི་850ཟུག་པ་དང་། ན་ནིང་ཟླ་7པ་ནས་བཟུང་། ལུའོ་ཆེ་གེ་མོས་རང་ཉིད་ལ་ལྷ་ས་གྲོང་ཁྱེར་དུ་ཁང་པ་ཉོ་ཁུངས་ཡོད་ཅེས་གཞན་ལ་སྐྱག་རྫུན་བཤད་ཅིང་། ཁང་པ་མཉམ་དུ་ཉོས་ན་ཁེ་བཟང་ཆེན་པོ་རག་སྲིད་པར་ཁ་གཡར་ཏེ་དོན་དངོས་རྫུན་བཟོ་དང་། སྡོད་ཁང་ཉོ་སྒྲུབ་ཀྱི་གན་རྒྱ། དེ་བཞིན་སྡོད་ཁང་གི་འབྲེལ་ཡོད་ཡིག་ཆ་རྫུན་མ་བཟོ་བ་སོགས་ལ་བརྟེན་ནས། བྱམས་ཆེ་གེ་མོ་སོགས་གནོད་འཚེ་ཕོག་མཁན་17ལ་མགོ་སྐོར་བཏང་སྟེ། ཁོ་ཚོར《མ་རྩ་སྔ་རྟིང་འཇོག་པའི་གྲོས་མཐུན》འཇོག་ཏུ་བཅུག་པ་མ་ཟད། ཁང་པ་ཉོ་བའི་མ་རྩ་སྒོར་ཁྲི་821.25མགོ་སྐོར་བཏང་བ་དང་། དེ་རྗེས་དངུལ་ཚང་མ་རྒྱན་པོ་འགྱེད་པ་དང་བུ་ལོན་འཇལ་བར་སྤྲད་པ་རེད།
         ཉེན་རྟོག་ཕྱོགས་ཀྱིས་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོས་ཁང་པའི་ཆ་འཕྲིན་དང་དེ་བཞིན་ཁང་པ་ཉོ་བའི་གན་རྒྱ་རྫུན་མ་བཟོས་ནས། མ་དངུལ་མགོ་སྐོར་བཏང་བའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོར་གན་རྒྱའི་ཁ་བསླུས་ཀྱི་དོགས་གཞི་ཡོད་པར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།