ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

བོད་ཀྱི་སྨན་རྫས་ཚོང་ཁང་འདིས་སྨན་འཚོང་སྐབས་དངུལ་འཐོལ་པ་བླངས་པས……

སྤེལ་དུས 2023-12-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས། རྩོམ་པ་པོ།

            ཉེ་ཆར། 12315ལས་སྟེགས་ལ་ཞུ་གཏུག་ཅིག་འབྱོར་བ་སྟེ། གཞིས་རྩེ་ཇོ་མོ་གླང་མ་ལམ་དུ་ཡོད་པའི་བོད་ལྗོངས་ཧྲེང་ཅེ་སྨན་རྫས་ཚད་ཡོད་ཀུང་སིའི(西藏圣洁医药有限公司)ཡན་ལག་ཀུང་སིས་བཙོངས་པའི་སྨན་གྱི་གོང་ཚད་དོན་དངོས་ཀྱི་གོང་ཚད་དང་གཅིག་པ་རེད་མི་འདུག་ཅེས་བརྗོད་པར། བསམ་གྲུབ་རྩེ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འདུམ་འགྲིག་བྱས་རྗེས། ཁྲིམས་འགལ་གྱི་ཁུངས་སྣེ་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ལ་རྩིས་སྤྲད་པས། ཁྲིམས་སྒྱུར་བ་ས་ཡུལ་དངོས་སུ་ཞིབ་དཔྱད་བྱེད་པར་བསྐྱོད་པ་དང་། བརྟག་དཔྱད་བྱེད་སྐབས་སྨན་རྫས་ཚོང་ཁང་དེས་འཚོང་བའི་སྨན་རྫས“ཨ་ཧྥ་ཀུའུ་ཧོ་ཁྲུན་སྤྱིན་ཐུམ”(阿法骨化醇软胶囊)སྟེང་བཀོད་པའི་གོང་ཚད་སྒམ་ཆུང་རེར་སྒོར་45ཡིན་པ་དང་། འོན་ཀྱང་ཁག་ཐེངས་དེའི་སྨན་རྫས་བྲིན་ཚོང་ཟིན་ཐོར་ལྟ་དུས་སྒམ་ཆུང་རེར་རིན་གོང་སྒོར་66དང་སྒོར་78ལེན་བཞིན་ཡོད་པའི་ཁྲིམས་འགལ་གྱི་དོན་དངོས་ཤེས་རྟོགས་བྱུང་བས། ཁྲིམས་སྒྱུར་བས་རང་སར་ཡོ་བསྲང་བྱེད་དུ་བཅུག་ཅིང་། 2023ལོའི་ཟླ་12ཚེས་7ཉིན་ཁྲིམས་ལྟར་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
            སྨན་རྫས་ཚོང་ཁང་དེས་སྨན་གྱི་སྒམ་ཆུང་སྟེང་བཀོད་པའི་གོང་ཚད་ལས་མཐོ་བ་བྱས་ནས་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》ལས་འགལ་ཡོད་པས། མིག་སྔར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་གྱོད་གཞི་དེར་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། ཐག་གཅོད་བྱས་འབྲས་ཐོན་མ་ཐག་འཕྲལ་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་རྩིས་འདུག
གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་ཞུས་པར། ཅ་ལག་ཉོ་སྐབས་ཚོང་པའི་ས་ནས་ཡིན་གཅིག་ཅ་དངོས་ཉོས་པའི་འཛིན་ཤོག་དང་། སྤ་སེ། གློག་རྡུལ་ཉོ་ཚོང་ཨང་གྲངས་སོགས་གོ་ཆོད་འཛིན་ཡིག་བླངས་ཏེ་ཡག་པོ་ཉར་དགོས་པ་དང་། ཨང་རྟགས་བཤེར་ནས་དངུལ་སྤྲོད་སྐབས་པར་རྒྱག་དགོས། གལ་ཏེ་རིན་གོང་འཐོལ་པ་བླངས་པ་ལས་འཛད་སྤྱོད་སྐོར་གྱི་རྩོད་གཞི་ཐོན་ཚེ། དུས་ཐོག་ཏུ་ཚོང་པ་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་པའམ་ཡང་ན་12315ལ་ཁ་པར་བརྒྱབ་ནས་ཁྲིམས་ལྟར་ཁེ་དབང་སྲུང་དགོས།

 

རྩོམ་སྒྲིག་པ། མང་ག་མཚོ།