དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

དུས་བདེའི་དྲ་རྒྱ་ཚགས་དམ་དུ་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱས་པ།

སྤེལ་དུས 2021-01-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་དམ་ཟབ་དང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ལྗོངས་ཡོངས་སུ་རྒྱུན་མཐུད་ལོ་ལྔའི་རིང་ཆབ་སྲིད་རང་བཞིན་དང་ཚོགས་སྤྱིའི་རང་བཞིན་གྱི་གནད་དོན་དང་གཏུམ་སྤྱོད་དང་འཇིགས་སྐུལ་གྱི་གྱོད་གཞི་ཚབས་ཆེན་གཅིག་ཀྱང་ཐོན་མེད། སྤྱི་ཚོགས་བཅོས་སྐྱོང་ཏན་ཏིག་ནུས་ལྡན་བྱུང་བ་དང་། ཁྲིམས་བཞིན་བོད་སྐྱོང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇཌ་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་ཟིན་ནས་མཐའ་སྐྱོང་བོད་བརྟན་གྱི་ལེའུ་གསར་པ་བརྩམས་ཡོད།
          ཁྲིམས་བཞིན་བོད་སྐྱོང་ཆེད་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ།
          “ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་ནས་ཁེ་དབང་སྲུང་སྐྱོང་བྱས་ཚེ། རང་ཉིད་ཀྱི་ཁེ་ཕན་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་ཐུབ” 2020ལོའི་ལོ་མཇུག་ཏུ། གཞིས་རྩེ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞིས་རྩེ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཅིན་ལུང་གིས་ཁ་པར་ཐོག་ནས་གླ་ཆ་འགྱངས་ཆད་བྱས་པའི་ཞིང་པ་ལས་མི་ཞིག་ལ་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་པ་དང་འབྲེལ་གྱོད་གཞི་དེ་རྩིས་བླངས་པ་རེད།
          2020ལོར། གཞིས་རྩེ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་བརྒྱ་ལྷག་ཙམ་ཐག་གཅོད་བྱས་པ་དང་། དུས་ཐོག་ཏུ་འགལ་ཟླ་དང་རྩོད་གཞི་བསལ་ཏེ། ཞིང་པ་ལས་མི་བློ་བདེའི་ངང་ཁྱིམ་ལ་ལོག་ནས་ལོ་གསར་གཏོང་ཐུབ་པ་བྱས་ཡོད།
          ལོ་མང་རིང་། ཝང་ཅིན་ལུང་དང་ཁོང་གི་ལས་རོགས་ཚོས་གཞིས་རྩེ་གྲོང་ཁྱེར་གྱི་ཤང་དང་གྲོང་གསེབ་ཀྱི་འཐབ་ཕྱོགས་དང་པོར་བཅའ་ཁྲིམས་ཀྱི་ཞབས་ཞུའི་ལས་དོན་ཐེངས་མང་སྤེལ་ཏེ། གཞི་རིམ་གྱི་ལས་དོན་པ་འབོར་ཆེན་དང་འདྲ་བར། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།
          མིག་སྔའི་བར། རིམ་རྩིས་བྱས་ན་བོད་རང་ལྗོངས་ཀྱིས་རིགས་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་14.21དང་ཁྲིམས་སྐྱོང་འཆད་ཁྲིད་ཐེངས་ཁྲི་1.23སྤེལ་བ་དང་། དྲིལ་བསྒྲགས་དཔྱད་གཞི་ཁྲི་1296ལྷག་སྤྲད་པས། རིམ་རྩིས་ལྟར་ན་མང་ཚོགས་མི་ཐེངས་ཁྲི་2841ལ་སློབ་གསོ་ཐེབས་པ་དང་། དྲ་ཐོག་གི་བྱེད་སྒོ་ཁག་ལ་མི་ཐེངས་ཁྲི་1590ཞུགས་ཡོད་པ་རེད།
          “ཧྥུང་ཆའོ་ཉམས་མྱོང”ལ་བོད་ཀྱི་ཁྱད་ཆོས་འདུས་པ།
          ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་ཁོངས་གཏོགས་ཀྱི་གྲོང་ཚོ(གྲོང་ལྷན)14ཡི་མི་འབོར་མང་བ་དང་ཡུལ་མིའི་རིག་གནས་ཆུ་ཚད་ཞན་ཙམ་ཡོད་པས། ཡུལ་མིའི་དབར་འགལ་ཟླ་དང་རྩོད་གཞི་ཅུང་མང་པོ་ཐོན་གྱི་ཡོད། འགལ་ཟླ་དང་རྩོད་གཞི་ནུས་ལྡན་སེལ་ཆེད། 2020ལོའི་ཟླ་དང་པོར་རྒྱལ་ཆེན་ཤང་གི“གྲོང་དཔོན་རྒན་རབས”ཀྱི་འདུམ་འགྲིག་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་རེད།
          “གྲོང་དཔོན་རྒན་རབས”ཀྱི་འདུམ་འགྲིག་ཁང་གི་འགན་འཁུར་བ་བསྟན་འཛིན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”སུ་ལས་ཀ་ལོ་30བྱས་ཡོད། འདུམ་འགྲིག་པ་གཞན་ཞིག་གིས་གྲོང་ཚོའི“ཨུ་ལྷན་གཉིས”སུ་ལས་ཀ་ལོ་20བྱས་ཡོད། ད་དུང་ཁྲིམས་འཛིན་ལས་རོགས་པ་ཞིག་ཀྱང་ཡོད། དེ་ལྟ་བུའི་རྒན་དར་གཞོན་གསུམ་འཛོམས་པའི“གྲོང་དཔོན་རྒན་རབས”ཀྱི་འདུམ་འགྲིག་ཁང་གིས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལས་དོན་ཡག་པོ་སྤེལ་ཐུབ་ཀྱི་ཡོད།
          རྒྱལ་ཡོངས་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེའི་མངགས་གཏོང་ཁང”ཐོག་མ་ཡིན་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་རྩ་རིང་གྲོང་རྡལ་མངགས་གཏོང་ཁང་གིས། མངགས་གཏོང་ཁང་གི་ཏང་ཀྲི་པུའུ་དང་ཉེན་རྟོག་པར་རོགས་པ་བྱེད་མཁན་ཏང་ཀྲི་པུའུ་སྟེ་ཏང་གི་རྩ་འཛུགས་གཉིས་ལ་བརྟེན་ནས། “གཅིག་རེ་གསུམ”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ། ཏང་ཡོན་གང་དུ་སླེབས་ཀྱང་ཏང་གི་སྲིད་ཇུས་དེ་གར་སྒྲོག་འགྲེལ་བྱེད་པ་དང་། ཉེན་རྟོག་པར་རོགས་པ་བྱེད་མཁན་ཁྱོན་ཡོངས་ལ་ཁྱབ་པའི་ཉེན་དོན་ལས་ཀའི་བྱ་ཐབས་བཏོད་པ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་ཞབས་འདེགས་ཞུས་ནས་འགལ་ཟླ་གོང་རིམ་ལ་རྩིས་སྤྲོད་མི་དགོས་པ་དང་། དུས་བདེའི་སྤྱི་ཚོགས་སུ་གནས་ཚུལ་གཅིག་ཀྱང་མི་ཐོན་པའི་གྲོང་གསེབ་ཀྱི་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་ཞིག་བཏོད་ཡོད། འབྲོག་ཁུལ་དང་། སྦྲ་གུར། རྩྭ་ས་བཅས་སུ་བསྐྱོད་པའི“གཤམ་སྐྱོད་གསུམ”གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། “ཨ་མདོའི་ཉེན་དོན་ཆུང་ཙག”གི་བོད་རྒྱ་སྐད་གཉིས་ཀྱི་བྱ་རིམ་ཆུང་གྲས་ལ་བརྟེན་ནས། མང་ཚོགས་ཀྱི་ཐེམ་ཐོ་བཟོ་བ་དང་འགྲིམ་འགྲུལ་དོ་དམ་སོགས་ཀྱི་ལས་དོན་དྲ་ཐོག་ནས་སྒྲུབ་པ་དང་། ལམ་སེང་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ་བཅས་དངོས་གནས་མངོན་འགྱུར་བྱུང་ཡོད།
          མིག་སྔའི་བར། ལྗོངས་ཡོངས་སུ་མི་དམངས་འདུམ་འགྲིག་པ་ཁྱོན་46216(ཚང་མ་ཞོར་འགན་འཁུར་མཁན་ཡིན་པ)དང་། དུད་སྦྲེལ་སྤྱི་མི་92666 “དཔུང་ཁག་བཞིའི”ཁོངས་མི་4598བཅས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།