ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཟུང་ཆུ་རྫོང་གིས་སྒོར་ཁྲི་11.24ཟིན་པའི་ཐོན་རྫས་རྫུན་མ་མེད་པར་བཟོས་འདུག

སྤེལ་དུས 2022-03-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        3.15ཉིན་གྱི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་དེར་ཟུང་ཆུ་རྫོང་གིས་རིན་ཐང་ལ་སྒོར་ཁྲི་11.24ཡོད་པའི་ཐོན་རྫས་རྫུན་མ་ཁག་གཅིག་གཅིག་སྡུད་ངང་མེད་པར་བཟོས་པས་ས་གནས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ།  
        ཞའོ་ཤིན་ཤང་གི་མང་ཚོགས་ཁྲང་ཆིང་ཟེར་བ་ཞིག་གིས་ཞིབ་བཤེར་རྩད་ཆོད་བྱུང་བའི་སྨན་རྫས་རྫུན་མ་དག་སྟོན་ཏེ་མྱོང་ཚོར་ཟབ་མོའི་སྒོ་ནས། ང་ཚོས་ཉོས་པའི་སྨན་རྫུན་མ་འདི་དག་ལ་སྨན་བཅོས་ནུས་པ་ག་ལ་ཡོད།  སྒོར་མོའང་འཕྲོ་བརླག་ཏུ་བཏང་སོང་བས་འདི་འདྲའི་བྱེད་སྒོར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད་འཛད་སྤྱོད་པའི་ལུགས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་འགན་ལེན་བྱེད་ཐུབ་སོང་ཅེས་བཤད།

        འགྲེམས་སྟོན་མཇུག་སྒྲིལ་རྗེས་ཟུང་ཆུ་རྫོང་སྲིད་འཛིན་ཁྲིམས་འཛིན་ཅུས་དང་སྤྱི་བདེ་ཅུས་ཀྱིས་ཚོང་ཟོག་རྫུན་མ་གད་སྙིགས་འཕེན་ཡུལ་གཉིས་པར་འཁྱེར་ནས་གཅིག་སྡུད་དང་ཡོངས་བསྒྲགས་ངང་རྩ་མེད་དུ་བཏང་།   ཐེངས་འདིའི་བྱེད་སྒོ་རུ་ཁྱོན་བསྡོམས་ཚགས་ཤ་རྫུན་མ་དང་། སྨན་རྫུན་མ།  པང་གཅལ་རྫུན་མ། གློག་ཁོག  གློག་གི་ཚ་དེམ། ཉལ་ཆས།  སྦི་རག མཛེས་སྤྲས་ཚོང་རྫས།  བྲོ་རྫས་སོགས་རིགས་29དང་ཁྱོན་བསྡོམས་དངོས་རྫས་2569མེད་པར་བཏང་ཞིང་རིན་ཐང་དམངས་སྒོར་ཁྲི་11.24ཟིན་ཡོད་པ་རེད།

        ཟུང་ཆུ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣས། མུ་མཐུད་དུ་བྱེད་ཐབས་དྲག་པོ་སྤྱད་ནས་དམངས་འཚོར་སྲུང་སྐྱོབ་བྱེད་པ་དང་སྟོབས་ཤུགས་ཆེན་པོ་བཀོལ་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་ཉ་ཉོག་བཅོས་སྐྱོང་དང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་ཞེས་པའི་བརྗོད་དོན་ལྟར།  དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་པ་དང་རྒྱ་ཆེའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཇེ་ཆེར་གཏོང་པ།  འཛད་སྤྱོད་པའི་དབྱེ་འབྱེད་ནུས་པ་ཇེ་ཆེར་གཏོང་པ།  མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་གྱོད་གཞི་ངན་པ་ཁག་གཅིག་ཁྲིམས་ལྟར་ཞིབ་རྩད་ཐག་གཅོད་བྱེད་པ། ནུས་ཤུགས་ཡོད་རྒུས་ཁྲིམས་འགལ་བྱ་སྤྱོད་དང་ཁྲིམས་འགལ་ཚོང་པ་ཁག་གཅིག་དམར་རྗེན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་ཐོབ་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།
རྩོམ་སྒྲིག་པ། བདེ་སྒྲོན།