ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཀྲུང་གོའི་འདོད་ཚུལ་དོན་དངོས་དང་མཐུན་ཞིང་དྲང་པོ་ཡིན།

སྤེལ་དུས 2022-03-21 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
  2022ལོའི་ཟླ་3ཚེས་19ཉིན་གྱི་དགོང་མོ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ཨན་ཧུའེ་ཐུན་ཞི་རུ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ནས་ཀྲུང་ཨའི་གཙོ་བདག་གི་བརྙན་ལམ་ཁ་པར་ཐོག་ནས་ཡུག་རེན་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ཚུལ་ངོ་སྤྲོད་གནང་བ་རེད།
  ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུག་རེན་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་གསལ་པོ་དང་ཕྱོགས་ཡོངས་ནས་གསལ་བཤད་གནང་ཡོད། ཆ་འཕྲིན་གལ་ཆེ་ཤོས་ཤིག་ནི་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་ཡིན་ཟེར་བ་དེ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་སྲུང་སྐྱོང་དང་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། འདི་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ལས་བྱུང་བ་ཡིན་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་བྱ་བ་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་གི་རྣམ་འགྱུར་ཐོག་ནས་རང་ཚུགས་རང་བདག་གི་སྒོ་ནས་བརྡར་ཤ་གཅོད་རྒྱུ་ཡིན། ང་ཚོས་ཕྱི་ནས་ཡོང་བའི་འཇིགས་སྐུལ་དང་གནོན་ཤུགས་གང་ཡང་གཏན་ནས་དང་ལེན་མི་བྱེད་ལ། ཀྲུང་གོར་དམིགས་ནས་དོན་མེད་སྐྱོན་འཛུགས་དང་ཚོད་དཔག་བྱེད་རིགས་ཚང་མར་ཡང་ངོ་རྒོལ་བྱེད་ཀྱི་ཡོད།
  ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཇུས་གཞི་བཏོན་པ་དེའི་ནང་གཙོ་བོ་ཕྱོགས་གཉིས་ཚུད་ཡོད། ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་ནི་ཕྱོགས་ཁག་གིས་མཉམ་དུ་དོ་བདག་ཕྱོགས་བར་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གང་མགྱོགས་དམག་མཚམས་བཞག་ནས། འབངས་མི་ཤི་རྨས་མི་ཡོང་བ་བྱེད་དགོས་པ་དང་། ཁྱད་པར་དུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་བའི་སྔོན་འགོག་བྱེད་དགོས། ཕུགས་ཀྱི་ལམ་བུ་ནི་འཇམ་འཐབ་ཀྱི་བསམ་བློ་དོར་ནས་ཚོགས་པའི་འགྲན་རྒོལ་མི་བྱེད་པར་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་ས་ཁུལ་བདེ་འཇགས་ཀྱི་སྒྲོམ་གཞི་ཞིག་དངོས་འབྲེལ་ཆགས་པ་བྱས་ན། གཞི་ནས་ཡོ་རོབ་སྐམ་ས་ཆེ་མོར་ཡུན་རིང་བདེ་འཁོད་ཡོང་ཐུབ་པ་ནན་བཤད་བྱས།
  ཝང་དབྱི་ཡིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དེ་དོན་དངོས་དང་མཐུན་ཞིང་དྲང་གཞག་ཡིན་ལ། རྒྱལ་ཁབ་མང་ཆེ་བའི་བསམ་འདུན་དང་གཅིག་མཚུངས་ཡིན་པ། དུས་ཚོད་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་དེ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཡོད་པ་ར་འཕྲོད་ཐུབ་ཅེས་བཤད།