ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

རྐྱེན་ལམ་དུ་ཤོར་བའི་མི132ཀྱིDNAཞིབ་བསྡུར་བྱས་ཚར་འདུག

སྤེལ་དུས 2022-03-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       “3·21”ཤར་ཕྱོགས་མཁའ་འགྲུལMU5735གནམ་གྲུའི་དོན་རྐྱེན་རྒྱལ་ཁབ་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཚེས28ཉིན་གྱི་ཆུ་ཚོད12བར། ①འཚོལ་ཞིབ་མི་སྣ་རིམ་རྩིས་བྱས་ན་མི་ཐེངས15640བཏང་བ་དང་། འཚོལ་ཞིབ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི37ཙམ་ཟིན་ལ། གནམ་གྲུའི་ཆག་རོ36001རྙེད་པ་རེད། ②རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་མི་ཐེངས809རྩ་འཛུགས་བྱས་ནས་ཡུལ་དངོས་སུ་མྱ་ངན་ཞུས་པ། རྐྱེན་ལམ་དུ་ཤོར་བའི་མི132ཀྱིDNAཞིབ་བསྡུར་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་ལ། འདས་པོའི་ཕུང་པོའི་ལྷག་མ་དང་ཤུལ་བཞག་དངོས་རྫས་རྩིས་སྤྲོད་བྱེད་པའི་ཇུས་གཞི་དང་རིགས་དབྱེ་རྩིས་སྤྲོད་ཀྱི་ཚད་གཞི་གོ་རིམ་ལྡན་པའི་ངང་འཐུས་ཚང་དུ་གཏོང་བཞིན་ཡོད་པ་རེད།