ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མཚོ་སྔོན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཀྱི་ལས་བྱེད་པ4རིམས་ནད་འགོག་སྡོམ་ལས་དོན་ཡག་པོ་མ་བསྒྲུབས་པའི་རྐྱེན་གྱིས་ཐག་གཅོད་བྱས་པ།

སྤེལ་དུས 2022-04-15 ཡོང་ཁུངས། ཀྲུང་དབྱང་རྒྱང་སྒྲོག་དྲ་བ། རྩོམ་པ་པོ།
          གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཏང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ4པའི་ཚེས14ཉིན་མཁར་ཤར་ཆུས་ཏང་ཨུ་ཡིས་རིམས་ནད་འགོག་སྡོམ་ལས་དོན་ཁྲོད་འགན་འཁྲི་ཡག་པོ་མ་བསྒྲུབས་པའི་གནད་དོན་བརྡ་ཁྱབ་བཏང་བ་དང་ལས་བྱེད་པ4ལ་ཆད་གཅོད་བྱས་པ་རེད།
          བརྡ་ཁྱབ་ལྟར་ན། མཁར་ཤར་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་སུན་ཧུང་ཧུང་དང་། མཁརཤར་ཆུས་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་པེ་ལུའུ། མཁར་ཤར་ཆུས་ཏ་ཀྲུང་ལམ་ཡོན་ཧྲན་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་མཱ་ཡན་ཕིང་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་གཙོ་གནད་ལས་དོན་ལ་སྐུལ་འདེད་ནུས་ལྡན་མི་གཏོང་བ་དང་ལས་སྒོའི་མཛུབ་ཁྲིད་ནུས་པ་མ་ཐོན་པས། ཆུས་ཏང་ཨུའི་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་ཞིབ་འཇུག་ཐག་གཅོད་བྱས་ཏེ། སུན་ཧུང་ཧུང་མཁར་ཤར་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པའི་གོ་གནས་ལས་ཕབ་པ་དང་། པེ་ལུའུ་མཁརཤར་ཆུས་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་གོ་གནས་ལས་ཕབ། མཱ་ཡན་ཕིང་མཁར་ཤར་ཆུས་ཏ་ཀྲུང་ལམ་ཡོན་ཧྲན་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གོ་གནས་ལས་ཕབ།
          མཁར་ཤར་ཆུས་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་གྱི་ཆེད་བསྐོས་ཆེད་དོན་ལས་བྱེད་མི་སྣ་ཧན་ཡུས་ཁྲེང་གིས་རིམས་ནད་འགོག་སྡོམ་ལས་དོན་ཁྲོད་ལས་འགན་སྒྲུབ་ནུས་ཞན་པས། ཆུས་ཏང་ཨུའི་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། མཁར་ཤར་ཆུས་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་དེའི་ལས་དོན་གྱི་འགན་ཤོར་གྱི་འགན་འཁྲི་བདའ་འདེད་ནན་མོ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། །