ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མཚོ་སྔོན་གྱི་ལས་ཁུངས་བཞི་ཡིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བྱེད་ཐབས་འགའ་འགྲེལ་སྤེལ་བྱས།

སྤེལ་དུས 2022-07-21 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བྱེད་ཐབས་འགའ་འགྲེལ་སྤེལ་བྱས་ཤིང་། ཁྲིམས་འཛིན་དང་ཤེས་བྱའི་ཐོན་དབང་གི་སྲིད་འཛིན་དང་དེ་མིན་འབྲེལ་ཡོད་ལས་ཁུངས། འདུམ་གཅོད་ལས་ཁུངས་སོགས་སྡེ་ཁག་གིས་འགོ་ཁྲིད་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་རོགས་ལས་བྱས་པ། སྤྱི་ཚོགས་ཡོངས་དེའི་ཁྲོད་དུ་ཞུགས་པའི་བྱ་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ནས། ཤེས་བྱའི་ཐོན་དབང་གི་རྩོད་གཞི་སྣ་མང་ཅན་འདུམ་སྒྲིག་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བར་མ་ཟད། ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་ལག་བསྟར་ཐབས་ལམ་དང་བྱ་བའི་རྨང་གཞིའི་འགན་སྲུང་གཏན་འཁེལ་གསལ་བོ་བྱས་ནས། རང་ཞིང་གི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་བྱ་བར་མཉམ་དུ་སྐུལ་འདེད་བཏང་།
  བྱེད་ཐབས་འགའི་ནང་དུ་ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་རྐྱེན་སྲོལ་འཛུགས་ལ་ཤུགས་སྣོན་པ་དང་། འདུམ་སྒྲིག་བྱ་བར་སྐུལ་འདེད་གཏོང་བ། འདུམ་སྒྲིག་བྱེད་སྒོའི་ནུས་པ་ཇེ་ཆེར་གཏོང་བ། འདུམ་སྒྲིག་བྱ་བ་འགན་སྲུང་བྱེད་པ་བཅས་ཕྱོགས་བཞིའི་ཐད་ལ་བྱེ་བྲག་གི་རེ་བ་བཏོན། གཅིག ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་རྐྱེན་སྲོལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས། གཉིས། རིགས་སོ་སོའི་ཤེས་བྱའི་ཐོན་དབང་གི་རྩོད་གཞིའི་མི་དམངས་འདུམ་སྒྲིག་དང་སྲིད་འཛིན་འདུམ་སྒྲིག་བྱ་བར་སྔར་ལས་སྐུལ་འདེད་བཏང་ནས་མུ་མཐུད་དུ་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱིས་འདུམ་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གསུམ། ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་སྒྲིག་བྱེད་པའི་བྱེད་སྒོའི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། བཞི། ཤེས་བྱའི་ཐོན་དབང་གི་རྩོད་གཞིའི་འདུམ་སྒྲིག་བྱ་བ་འགན་སྲུང་བྱེད་པར་སྔར་ལས་ཤུགས་སྣོན་དགོས་པ་བཅས་རེད། །