ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཀན་སུའུ་ཡིས་བྱ་ཐབས་བཏོན་ནས་ཏང་སྒྲིག་དང་སྲིད་དོན་གྱི་ཆད་གཅོད་ལ་ཤུགས་སྣོན་རྒྱག་པ་དང་སྡེ་ཚོགས་ཀྱི་སྒྲིག་ཁྲིམས་ཆད་གཅོད་འབྲེལ་མཐུད་བྱས་པ།

སྤེལ་དུས 2022-08-15 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར་ཀན་སུའུ་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་སྡེ་ཚོགས་ཞིང་ཨུད་དང་མཉམ་དུ《ཏང་སྒྲིག་དང་སྲིད་དོན་གྱི་ཆད་གཅོད་ལ་ཤུགས་སྣོན་རྒྱག་པ་དང་སྡེ་ཚོགས་ཀྱི་སྒྲིག་ཁྲིམས་ཆད་གཅོད་འབྲེལ་མཐུད་བྱ་རྒྱུའི་སྐོར་གྱི་ལས་ཀའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་སྡེ་ཚོགས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བ་རེད།
  《བྱ་ཐབས》ནང་བེད་སྤྱོད་བྱེད་པོ་དང་། གསལ་བཤད་བྱེད་སྟངས། དུས་བཀག་བཅས་ཁ་གསལ་བཟོས་ཡོད། སྡེ་ཚོགས་ཀྱི་སྐྱིད་སྡུག་སོར་འཇོག་བྱས་པའི་ཀྲུང་གུང་ཏང་ཡོན་དང་སྡེ་ཚོགས་ཀྱི་སྐྱིད་སྡུག་ནང་ཡོད་པའི་གཞུང་དོན་སྒྲུབ་མཁན་མི་སྣར་ཏང་སྒྲིག་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་རྗེས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཟླ་བ་གཅིག་གི་ནང་ཆད་གཅོད་གཏན་འབེབས་རིམ་པ་གཅིག་མཚུངས་ཀྱི་སྡེ་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས། དམིགས་བསལ་གྱི་གནས་ཚུལ་འོག་ཆད་པ་གཅོད་པའམ་ཡང་ན་ཆོག་མཆན་འགོད་པའི་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་འགྲོ་ལུགས་གཉེར་བའི་དུས་ཡུན་འོས་འཚམ་གྱིས་རིང་དུ་བཏང་ཆོག འོན་ཀྱང་རིང་ཤོས་ལའང་ཟླ་བ་དྲུག་ལས་བརྒལ་མི་ཆོག་པ་གསལ་པོ་བཀོད་ཡོད།
  《བྱ་ཐབས》ནང་སྡེ་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་འབྱོར་རྗེས་གོ་རིམ་ལྟར་ཆད་པ་ཕོག་མཁན་ལ་དེ་མཚུངས་ཀྱི་སྡེ་ཚོགས་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་མ་ཟད། སྡེ་ཚོགས་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བཟོས་རྗེས་ཀྱི་ཟླ་བ་གཅིག་ནང་ཚུན་དུ་ཡིག་ཐོག་ནས་རིམ་པ་གཅིག་མཚུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། སྡེ་ཚོགས་འགོ་ཁྲིད་ལས་ཁུངས་ཀྱིས་རང་ངོས་ཞིབ་བཤེར་བྱས་པ་དང་འབྲེལ་སྡེ་ཚོགས་ཀྱི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པའི་ཀྲུང་གུང་ཏང་ཡོན་དང་གཞུང་དོན་སྒྲུབ་མཁན་མི་སྣར་དམིགས་ནས་གལ་ཏེ་མཉམ་སྡེབ་ཞིབ་འཇུག་བྱས་པ་དང་འབྲེལ་རིམ་པ་གཅིག་མཚུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་འབྲེལ་གཏུག་བྱས་ནས་དེ་མཚུངས་ཀྱི་ཏང་སྒྲིག་དང་སྲིད་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་ངེས་ཡིན་པར་ངོས་འཛིན་བྱས་ཚེ་སྡེ་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་ཀྱིས་རིམ་པ་གཅིག་མཚུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རྩིས་སྤྲོད་དགོས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་གཞིར་བཟུང་ཞིབ་བསྡུར་དང་ཐག་གཅོད་ལས་དོན་སྤེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།