ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མངའ་རིས་ས་ཁུལ་གྱིས་མི་འཚོལ་བའི་ཛ་དྲག་གི་བརྡ་ཐོ་ཞིག་བཏང་འདུག

སྤེལ་དུས 2022-08-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
ཐོག་མའི་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་ནད་དཔེར་འབྲེལ་འདྲིས་དམ་ཟབ་བྱུང་མཁན་འཚོལ་བའི་སྐོར་གྱི་ཛ་དྲག་གི་སྤྱི་བསྒྲགས།
  རྒྱ་ཆེའི་མི་དམངས་མང་ཚོགས་ཚོ། 
  ཐོག་མའི་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་མངའ་རིས་ས་ཁུལ་གྱི་ནད་དཔེ་ཝང་ཆེ་གེ་མོ་ཟླ8ཚེས10ཉིན་གྱི་ཆུ་ཚོད་7དང་སྐར་མ་50ལ་TV9943གྱི་དུས་གཏན་གནམ་གྲུར་བསྡད་དེ་ལྷ་ས་ནས་མངའ་རིས་སུ་ལོག་པ་དང་དེ་རྗེས་གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་དེ་ས་ཁུལ་དུ་ལོག་པ་རེད། བཀྲ་ཆེ་གེ་མོ་ཟླ་8ཚེས་11ཉིན་གྱི་ཆུ་ཚོད་7དང་སྐར་མ་30ལ་TV608ཀྱི་དུས་གཏན་གནམ་གྲུར་བསྡད་དེ་ལྷ་ས་ནས་མངའ་རིས་སུ་ལོག་པ་དང་དེ་རྗེས་གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་དེ་ས་ཁུལ་དུ་ལོག་པ་རེད། གོང་གསལ་གྱི་དུས་ཚོད་དང་ས་གནས་སུ་དུས་གཏན་གནམ་གྲུ་གཅིག་ལ་བསྡད་པ་དང་། གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་སྡོད་མྱོང་མཁན་གྱིས་འཕྲལ་མར་རང་འགུལ་ངང་རང་གནས་སའི་རིམས་ནད་སྔོན་འགོག་སྡེ་ཚན་དང་། སྡེ་ཁུལ་ལམ། གྲོང་ཚོ(ཨུ་ལྷན)བཅས་ལ་སྙན་སེང་ཞུས་ནས། རིམས་ནད་རིག་པའི་བརྟག་དཔྱད་ཀྱི་གྲལ་བཤེར་དང་། ཉིང་སྐྱུར་བརྟག་དཔྱད་དམ་ཡང་ན་ལོགས་འཇོག་དོ་དམ་ཚོད་འཛིན། ཁྱིམ་དུ་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱེད་དགོས། ནད་དཔེ་དང་དེ་བཞིན་འབྲེལ་ཐུག་དམ་ཟབ་བྱུང་བའི་སྐོར་སྦ་གསང་བྱས་ནས་རིམས་ནད་མཆེད་ཚེ་ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། 
  དེ་དང་དུས་མཚུངས་རྒྱ་ཆེའི་གྲོང་མི་ཚོས། དངངས་སྐྲག་མི་བྱེད་པར་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་སྐུར་མི་བྱེད་པར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་འཁྱོངས་བྱེད་དགོས།
  སྒར་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2821550 
  རུ་ཐོག་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2641665 
  རྩ་མདའ་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2622477 
  སྤུ་ཧྲེང་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2601880 
  དགེ་རྒྱས་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2633988 
  སྒེར་རྩེ་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2653382 
  མཚོ་ཆེན་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2618677 
  མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
  2022ལོའི་ཟླ་8ཚེས་17ཉིན།