ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཕུར་བུ་ཚེ་རིང་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས།

སྤེལ་དུས 2021-10-19 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
            ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་མི་དམངས་སྲིད་གཞུང་གི་དེ་སྔའི་རྩིས་པ་དང་དངུལ་གཉེར་བ་གཅིག་ལྕོགས་ཡིན་པའི་ཕུར་བུ་ཚེ་རིང་ལ་ལྐོག་ཟའི་བྱས་ཉེས་གསོག་དོགས་ཡོད་པའི་གྱོད་གཞི་དེ། སྣ་དཀར་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་རེད།
           ཞིབ་དཔྱོད་ཞུ་གཏུག་གི་དུས་མཚམས་སུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཕུར་བུ་ཚེ་རིང་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ཡང་ཉན་འཇོག་བྱས་པ་རེད། སྣ་དཀར་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཕུར་བུ་ཚེ་རིང་གིས་སྣ་དཀར་རྩེ་རྫོང་རྡོ་ཆོས་ཤང་གི་རྩིས་པ་དང་དངུལ་གཉེར་བའི་གོ་གནས་འཁུར་སྐབས་ཀྱི་སྟབས་བདེ་བེད་སྤྱད་དེ་གཞུང་དངུལ་འབོར་ཆེན་ཧམ་ཟོས་བྱས་པས་ངེས་པར་དུ་ལྐོག་ཟའི་བྱས་ཉེས་ལ་བརྩིས་ནས་དེའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།