ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

​མཚོ་སྔོན་ཞིང་ཆེན་གྱི་རིན་གོང་རྩོད་གཞི་འདུམ་འགྲིག་ལས་སྒྲུབ་ས་ཚིགས་ཐོག་མ་དངོས་སུ་བཙུགས་པ།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཟླ10བའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི“རིན་གོང་རྩོད་གཞི་འདུམ་འགྲིག་ལས་སྒྲུབ་ས་ཚིགས”ཐོག་མ་དེ་མཚོ་སྔོན་པོའི་མཚོ་ལྕེའི་མཛེས་ལྗོངས་ཁུལ་དུ་དངོས་སུ་སྒོ་བྱང་བཀལ། བྱ་བའི་ས་ཚིགས་སྒྲིག་བཀོད་བྱས་པ་དེས་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་རིན་གོང་རྩོད་གཞི་འདུམ་འགྲིག་སྟེགས་བུའི་ཚོད་ལྟའི་འཁོར་རྒྱུག་བྱ་བར་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
             མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་རིན་གོང་རྩོད་གཞི་འདུམ་འགྲིག་ཚོད་ལྟའི་ཞིང་ཆེན9ཡི་གྲས་ཀྱི་གཅིག་ཡིན། ད་ལོའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“འགལ་བ་འདུམ་འགྲིག་ཞི་འཇགས་དེ་གཞི་རིམ་དུ་བྱེད་པ་དང་། འཆམ་མཐུན་གཏན་འཇགས་གསར་སྐྲུན་གཞི་རིམ་དུ་བྱེད”ཅེས་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་པུའུ་ཡི《རིན་གོང་འགལ་བ་འདུམ་འགྲིག་བྱ་བ་སྤེལ་བའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་ལེན་བྱས་ཏེ། རིན་གོང་རྩོད་གཞི་འདུམ་འགྲིག་བྱ་བའི་མདུན་ལྗོངས་དང་། ཁྲིམས་ཁང་དུ་བསྐྱོད་པ། གཞིས་ཁུལ་དུ་བསྐྱོད་པ་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་འདུམ་འགྲིག་བྱ་བའི་ཉམས་མྱོང་གསོག་ཉར་བྱེད་པར་སྐུལ་འདེད་བཏང་། ཐེངས་འདིར་མཚོ་ལྕེའི་མཛེས་ལྗོངས་ཁུལ་དུ་ཞིང་ཆེན་ཡོངས་ཀྱི་རིན་གོང་རྩོད་གཞི་འདུམ་འགྲིག་ལས་སྒྲུབ་ས་ཚིགས་སྒྲིག་བཀོད་བྱས་པ་དེས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁེ་ལས་དང་། འབྲེལ་ཡོད་སྡེ་ཁག ཡུལ་སྐོར་བར་ཕན་ནུས་ལྡན་པའི་སྒོ་ནས་རིན་གོང་འགལ་བ་འདུམ་འགྲིག་བྱེད་པར་སྟེགས་བུ་གསར་བ་ཞིག་མཁོ་འདོན་བྱས་པ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་དང་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། རིན་གོང་རྩོད་གཞིའི་འདུམ་འགྲིག་བྱ་བ་སྟབས་བདེ་ཅན་དང་། རྒྱུན་རྣམ་ཅན། ནུས་མཐོ་ཅན་དུ་གཏོང་བར་བྱེད་ནུས་འདོན་རྒྱུ་རེད།།
རྩོམ་སྒྲིག་པ། བདེ་སྒྲོན།