ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་རེད།

སྤེལ་དུས 2022-05-07 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཡོངས་ཀྱི་སྤྱི་དགྲ་ཡིན་པས། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་ཞིག་རེད། ཕྱོགས་ཁག་གིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་མཐའ་དག་སྤྱད་དེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ནས། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།
  གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲའོ་ལི་ཅན་གྱིས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསར་འགྱུར་གཏམ་གླེང་གཅིག་གྱུར་ཐོག་སྤེལ་ནས་ཉེ་ཆར་ཕ་ཁི་སི་ཐན་གྱི་གཱ་ལ་ཆི་སློབ་ཆེན་ཁུང་ཙི་སློབ་གླིང་གི་དུས་གཏན་རླངས་འཁོར་ལ་འཇིགས་སྐུལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། གནོད་འཚེ་ཕོག་པའི་མིའི་ནང་མི་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་དང་ཕ་ཁི་སི་ཐན་སྲིད་གཞུང་ལ་གདུང་སེམས་མཉམ་སྐྱེ་དང་སེམས་གསོའི་འཚམས་འདྲི་བྱས་པ། འཇབ་རྒོལ་དོན་རྐྱེན་གྱི་གྱོད་གཞི་བཟོ་མཁན་དང་། སྒྲིག་འཛུགས་བྱེད་མཁན། མ་དངུལ་རོགས་སྐྱོར་བྱེད་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཁྲིམས་ལ་སྦྱོར་རྒྱུའི་ནན་བཤད་བྱས་པ་དང་འབྲེལ། རྒྱལ་ཁབ་ཁག་ལ་དེའི་ཐད་ཀྲུང་གོ་སྲིད་གཞུང་དང་ཕ་ཁི་སི་ཐན་སྲིད་གཞུང་དང་མཉམ་ལས་བྱ་རྒྱུའི་སྐུལ་འདེབས་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།
  ཀྲའོ་ལི་ཅན་གྱིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤེལ་བའི་ཀྲུའུ་ཞིའི་གསར་འགྱུར་གཏམ་གླེང་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་འདིར་ཁོང་ཁྲོ་ཆེན་པོ་བྱེད་པ་དང་རྒོལ་གཏམ་དྲག་པོ་བཏང་བ་དང་། སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མི་སེར་ལ་གདུང་སེམས་མཉམ་སྐྱེ་དང་སེམས་གསོའི་འཚམས་འདྲི་བྱས་པ་མངོན་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་རེ་འབོད་མཚོན་ཡོད་ཅེས་བརྗོད་ཡོད་པ་རེད།
  “དྲང་བདེན་ཡོང་ངེས་ཡིན་ལ། ངན་པར་ཁྲིམས་གཅོད་དྲག་པོ་ཕོག་ངེས་རེད། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཡོངས་ཀྱི་སྤྱི་དགྲ་ཡིན་པས། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་ཞིག་རེད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་དང་། ཁོང་གིས། མིག་སྔར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད་པས། ཕྱོགས་ཁག་གིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བྱ་ཐབས་མཐའ་དག་སྤྱད་དེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ནས། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།