ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

དངུལ་སྨར་དང་ལེན་མི་བྱེད་པའི་ཚན་པ་གཉིས་ལ་ཁྲིམས་ལྟར་ཆད་པ་བཅད་པ།

སྤེལ་དུས 2022-11-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         སྤྱི་ཟླ་10པའི་ཚེས་27ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས། སྤྱི་ལོ་2022ལོའི་དུས་ཚིགས་གསུམ་པར་མི་དམངས་དངུལ་ཁང་གིས་དངུལ་སྨར་དང་ལེན་མི་བྱེད་པའི་སྡེ་ལས་ཀུང་སི་གཉིས་དང་དེ་བཞིན་འབྲེལ་ཡོད་འགན་འཁུར་བར་དཔལ་འབྱོར་གྱི་ཆད་པ་བཅད་པ་མ་ཟད་མིང་དམར་རྗེན་དུ་བཏོན་པ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད།

         ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆད་གཅོད་གནས་ཚུལ་ལས་མངོན་པར། ད་རེས་དམར་རྗེན་དུ་བཏོན་པའི་ཚན་པ་ནི་ནན་ཁྲང་གྲོང་ཁྱེར་ཐེན་ཨན་སྡེ་ལས་དོ་དམ་ཚད་ཡོད་ཀུང་སིའི་དུས་རབས་ཀྲུང་དབྱང་གྲོང་གི་དུས་ཐེངས་དང་པོའི་ཞབས་ཞུ་ལྟེ་གནས་དང་ཀོང་ཀྲོའུ་གྲོང་ཁྱེར་ཝན་ཁོ་སྡེ་ལས་ཞབས་ཞུ་ཚད་ཡོད་ཀུང་སིའི་ནན་ཉིང་ཅིན་ཡུས་ཐི་ཤང་ཡན་ལག་ཀུང་སི་ཡིན་ཞིང་། དེ་གཉིས་ལ་ཁག་སོ་སོར་སྒོར་1000དང་སྒོར་5000ཡི་ཆད་པ་བཅད་ཡོད།
         མི་དམངས་དངུལ་ཁང་གི་འབྲེལ་ཡོད་མི་སྣས། སྤྱི་དམངས་ལ་དངུལ་སྨར་དང་ལེན་མི་བྱེད་པའི་བྱ་སྤྱོད་འཕྲད་ཚེ། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ཆོག་པས། རྒྱ་ཆེའི་གཉེར་སྐྱོང་གཙོ་གཟུགས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མི་དམངས་ཤོག་སྒོར་གྱི་ཁྲིམས་གཏན་འཁེལ་བའི་གནས་བབ་སྲུང་སྐྱོང་བྱས་ཐོག ཡིད་རྟོན་གཉེར་སྐྱོང་དང་སྤྱི་དམངས་ཀྱི་གཏོང་སྤྲོད་འདེམས་དབང་ལ་བརྩི་འཇོག་བྱེད་དགོས་པ་དང་དངུལ་སྨར་ཞི་མཐུན་ངང་འཁོར་རྒྱུག་ཐུབ་པའི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་དགོས་ཞེས་ངོ་སྤྲོད་གནང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།