ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ད་ལོར་བོད་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་གྱི་གྱོང་གུན་ཕོག་ཚད་ཕྱོགས་གསུམ་ནས་མར་ཆག་ཡོད།

སྤེལ་དུས 2022-11-01 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ད་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་སྤྱི་ཡོངས་ལ་དམ་འཛིན་དང་། བཅོས་སྒྱུར་ལ་སྐུལ་འདེད། མཐུན་སྦྱོར་ལ་མཐོང་ཆེན། འཐབ་ཇུས་གསར་འདོན་བཅས་བྱས་ནས། བྱ་ཐབས་སྣ་མང་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས། 2022ལོར་མེ་སྐྱོན་གྱི་ཐེངས་གྲངས་དང་། གནོད་འཚེ་ཕོག་པའི་རྒྱ་ཁྱོན། དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་བཅས་ཕྱོགས་གསུམ་ནས་མར་ཆག་པ་མངོན་འགྱུར་བྱུང་ཡོད།
  ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་མེ་ཟོན་ལམ་བུ་དང་། ལོགས་བཀར་ཁུལ། ཆུ་གསོག་རྫིང་བུ། འཕྲལ་བསྟུན་འཕྲིན་གཏོང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བས་གཞི་རིམ་གྱི་འགོག་སྡོམ་ནུས་པ་མངོན་གསལ་གྱིས་མཐོར་འདེགས་སུ་ཕྱིན་པ་དང་། མཁའ་འགྲུལ་གྱི་འཕྲལ་བསྟུན་ལས་དོན་ཐད་ཚད་བརྒལ་ཡག་པོ་བྱུང་ནས། འཕྲལ་བསྟུན་རོགས་སྐྱོབ་ཀྱི་ཐད་འཕུར་གནམ་གྲུ་དང་པོ་དེས་བདེ་འཇགས་ངང་མཁའ་དབྱིངས་མེ་ཟོན་སྐོར་གཡེང་དང་། མེ་སྐྱོན་སེལ་བ། རང་བྱུང་གནོད་འཚེ་སྣ་ཚོགས་རོགས་སྐྱོབ་བཅས་ཀྱི་ལས་འགན་ཐེངས63བསྒྲུབས་ལ། ནགས་ཚལ་དང་རྩྭ་ཐང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་བསྟུན་སྔོན་ཇུས་བཟོས་ནས་འགན་འཁྲི་དང་བྱ་ཐབས་ཁ་གསལ་བཟོས་པ་མ་ཟད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཆེད་དོན་བྱ་སྤྱོད་སྤེལ་ནས་ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། སྒྲིག་འགལ་ངང་མེ་སྤྱོད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན། བཀོད་འདོམས་མ་ལག་ཆ་ཚང་པོ་མེད་པ་དང་། མེ་ཟོན་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ། མེ་སྐྱོན་ཐོན་མ་ཐག་པའི་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ད་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཇུས་གཞི151བཟོས་པ་དང་། ནང་སྦྱོང80ལྷག་སྒྲིག་འཛུགས་དང་ལས་སྒོའི་གསོ་སྦྱོང་ཐེངས497། དྲིལ་བསྒྲགས་དཔྱད་ཡིག་ཁྲི266ལྷག་འགྲེམ་གཏོང་བྱས་པ་དང་། མི་མངོན་པའི་རྐྱེན་ངན14629གྲལ་བཤེར་བྱས་ཏེ། འབར་སླ་བའི་དངོས་པོ་ཏུན7277.7གཙང་སེལ་བྱས་ལ། བསང་གཏོང་ཡུལ3208བཅོས་སྒྲིག་བྱས་པ་དང་། མེ་སོན14916མེད་པར་བཏང་། །
རྩོམ་སྒྲིག་པ། བདེ་སྒྲོན།