ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

རྨ་ལྷོ་ཁུལ་གྱིས་དམངས་ཡོངས་ཀྱི་གཡོ་བསླུས་འགོག་སྲུང་ཐད་ལ་ཤུགས་བསྣན་པ།

སྤེལ་དུས 2022-11-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། 2022ལོར་རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་གཡོ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་འགན་འཁྲི་གཙོ་གནད་དང་དུ་བླངས་ནས། ཧུར་ཐག་སྒོས་གློག་འཕྲིན་དྲ་རྒྱའི་གཡོ་ལེན་ནག་ཉེས་ལ་རྡུང་རྡེག་བྱེད་པར་དམིགས་འབེན་ལས་འགན་དུ་བཞག་པ་དང་། ཁྱོན་ཡོངས་ནས་རྡུང་རྡེག་དང་སྔོན་འགོག དོ་དམ། འགོག་སྡོམ། དྲིལ་སྒྲོག་སོགས་དམངས་ཡོངས་གྱི་གཡོ་བསླུས་ངོ་རྒོལ་ལས་གཞི་གསར་སྐྲུན་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་པའི་ལྕགས་རི་ཞིག་གསར་སྐྲུན་བྱས། 
  གློག་འཕྲིན་དྲ་རྒྱའི་གཡོ་བསླུས་ནི་མི་དམངས་མང་ཚོགས་ཀྱིས་འཁོན་འཛིན་ཞེ་ནད་བྱེད་པའི་དྲ་རྒྱའི་ནག་ཉེས་གསར་བ་ཞིག་ཡིན་པ་དང་། དེར་གཡོ་འོག་ཏུ་ཚུད་པའི་ཁྱབ་རྒྱ་ཆེ་ལ། སྤྱི་ཚོགས་ལ་གནོད་འཚེ་ཐེབས་ཚད་ཆེ། ཉེ་བའི་ལོ་འགའི་རིང་རྨ་ལྷོ་ཁུལ་གྱི་ས་ཆ་ཁ་ཤས་སུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གློག་འཕྲིན་དྲ་རྒྱུའི་གཡོ་བསླུས་གྱོད་དོན་རྒྱུན་ཏུ་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེ་བས་རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་གཡོ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་དམངས་ཡོངས་ཀྱི་གཡོ་འགོག་ཐད་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས“གློག་འཕྲིན་དྲ་རྒྱའི་གཡོ་འགོག་ཉེན་བརྡའི་ཉིན་མོ”དང“གཡོ་འགོག་ལི་ཐོ”། “གཡོ་འགོག་དྲིལ་སྒྲོག་ཚན་ཆུང”སོགས་གཡོ་འགོག་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། 
  མིག་སྔའི་བར། རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་གཡོ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་བསྡོམས་པས་གློག་འཕྲིན་དྲ་རྒྱའི་གཡོ་ལེན་གྱོད་དོན29རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན121འཛིན་བཟུང་བྱས། གནོད་འཚེ་ཕོག་མཁན་གྱི་མ་དངུལ་སྒོར་ཁྲི280ཕྱིར་བླངས་བ་དང་མ་དངུལ་སྒོར་ཁྲི156བསྡམས་བཅད་བྱས་པས། གྱོང་གུན་ཐེབས་པའི་མང་ཚོགས་ཀྱི་སྒོར་ཁྲི80ཕྱིར་བླངས་པ་སོགས་ཁུལ་ཡོངས་སུ་གློག་འཕྲིན་དྲ་རྒྱའི་ཕྱོགས་ཀྱི་གྱོད་དོན་བྱུང་ཚད་དང་གྱོང་གུན་ཐེབས་ཚད་སོ་སོར46.5%དང31.8%མར་ཆག་པས། གློག་འཕྲིན་དྲ་རྒྱའི་ཕྱོགས་ཀྱི་ནག་ཉེས་ལ་རྡུང་རྡེག་བྱས་པར་དུས་སྐབས་རང་བཞིན་གྱི་ཕན་འབྲས་ཐོབ།  །
རྩོམ་སྒྲིག་པ། བདེ་སྒྲོན།