ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་བདེ་འཇགས་ཞིབ་བཤེར་ཆེ་མོ་དང་སྤྱོད་ཚུལ་སྒྲིག་ཁྲིམས་ཀྱི་སློབ་གསོ་དག་ཐེར་ལས་དོན་སྤེལ་བ།

སྤེལ་དུས 2022-11-17 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས“སྤྱོད་ཚུལ་ནན་སྐྱོང་དང་། གཟུགས་བརྙན་ལེགས་གཏོང་། རྨང་གཞི་བརྟན་གཏོང”བཅས་བླང་བྱ་གཙོ་བོར་བྱས་ནས། བདེ་འཇགས་ཞིབ་བཤེར་ཆེ་མོ་དང་སྤྱོད་ཚུལ་སྒྲིག་ཁྲིམས་ཀྱི་སློབ་གསོ་དག་ཐེར་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།
  ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གཟའ་འཁོར་རེར་ཉིན་གཉིས་ཀྱི་གཏན་འཇགས་སློབ་སྦྱོང་སློབ་གསོའི་ཉིན་མོར། དཔུང་ཁག་སྒྲིག་འཛུགས་བྱས་ནས་བདེ་འཇགས་ཤེས་བྱ་སྣ་ཚོགས་སློབ་སྦྱོང་ནན་ཏན་བྱས་ཏེ་བཀོད་འཐབ་པ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། “གསང་སྲུང་ལྟ་བའི”APPསྤྱད་དེ་གསང་སྲུང་གི་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། དུས་བཀག་ལྟར་ལས་ཀའི་ཚོགས་པའི་ནང་རྒྱུན་གཏན་གྱི་གསང་བ་ཕྱིར་གྱར་སྔོན་འགོག་དང་གསང་བ་ཕྱིར་གྱར་གྱི་དྲན་སྐུལ་སོགས་སྤེལ་ནས། མི་སྣ་ཡོངས་ཀྱི་བདེ་འཇཌ་གསང་སྲུང་འདུ་ཤེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད། “གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞིའི་ཉེན་ཟོན་སློབ་གསོའི་ཚོགས་འདུ། གསང་སྲུང་ལས་དོན་གྱི་ཆེད་དོན་ཉེན་ཟོན་སློབ་གསོའི་ཚོགས་འདུ། བདེ་འཇགས་དུས་བབ་དབྱེ་ཞིབ་ཚོགས་འདུ་བཅས་འཚོགས་པ་དང་། སྤྱོད་ཚུལ་སྒྲིག་ཁྲིམས་གྲོས་བསྡུར་དང་རྒྱབ་ཕྱོགས་མཁོ་སྒྲུབ་བཀོད་འཐབ་པས་མཉམ་སྡེབ་ཐོག་སྤྱོད་གཙང་གླེང་མོལ་སོགས་སྒྲིག་འཛུགས་བྱས་ཏེ། སྒྲིག་ཁྲིམས་ལག་བསྟར་ནན་པོ་མི་བྱེད་པ་དང་སྒྲིག་ཁྲིམས་ལས་འགལ་ནས་ཡོ་བསྲང་མི་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ནས་སྤྱོད་གཙང་གཞུང་དྲང་གི་རྣམ་པ་ཟབ་མོ་བཏོད་ཡོད་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།