ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས་123པ་སྤེལ་འགོ་ཚུགས་པ།

སྤེལ་དུས 2022-11-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་མའེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ལ་ཞུགས་མཁན་ཀྲུང་གོ་ཕྱོགས་ཀྱི་ཁྲིམས་འཛིན་དམག་གྲུ་གཉིས་ཤིས་ཧྲོང་པན་ནའི་ཏའེ་རིགས་རང་སྐྱོང་ཀྲོའུ་ཡི་ཅིང་ཧ་གྲུ་ཁ་ནས་རྡོག་ཐོན་བྱས་པ་ལས། ད་ཐེངས་ཀྱི་རྒྱལ་ཁབ་བཞིའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།
  བྱ་སྤྱོད་མ་སྤེལ་གོང་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཚན་གྱིས་བརྙན་ལམ་ནས་བྱ་སྤྱོད་བཀོད་འདོམས་དཔོན་གྱི་མཉམ་འབྲེལ་ཚོགས་འདུ་དང་ཆ་འཕྲིན་སྤེལ་རེས་ཚོགས་འདུ་འཚོགས་ཏེ་ཉེ་དུས་མེ་ཀུང་གཙང་པོའི་རྒྱུད་ཀྱི་ཏོག་གསར་གློ་ཚད་རིམས་ནད་དང་ས་མཚམས་བསྒྲལ་བའི་ཁྲིམས་འགལ་ཉེས་གསོག་གི་དུས་བབ་ལ་མཉམ་དུ་དབྱེ་ཞིབ་དང་བརྡར་ཤ་བཅད་ནས་ས་མཚམས་བསྒྲལ་བའི་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱ་ཐབས་ལ་གྲོས་བསྡུར་བྱས་པ་རེད།