ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

སློབ་གསོའི་སྐོར་གྱི་བཅའ་ཁྲིམས་ཤེས་བྱ། ཁྱེད་ཀྱིས་ཤེས་སམ།

སྤེལ་དུས 2023-06-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གཅིག སྤྱི་དམངས་ལ་སློབ་གསོ་ཐོབ་པའི་དབང་ཆར་གཏན་འབེབས་ཇི་འདྲ་བྱས་ཡོད། 
  རང་རྒྱལ་གྱི་སྤྱི་དམངས་ལ་སློབ་གསོ་ཐོབ་པའི་དབང་ཆ་དང་འོས་འགན་ཡོད། རང་རྒྱལ་གྱི་སྤྱི་དམངས་ཡིན་ཕྱིན་མི་རིགས་དང་། རིགས་རུས། ལས་རིགས། རྒྱུ་ནོར་གྱི་གནས་ཚུལ། ཆོས་དད་ཡོད་མེད་སོགས་ལ་དབྱེ་བ་མེད་པར་ཚང་མར་ཁྲིམས་བཞིན་སློབ་གསོ་འདྲ་མཉམ་ཐོབ་པའི་གོ་སྐབས་ཡོད།
  གཉིས། སློབ་གསོ་ཐོབ་མཁན་གྱིས་འོས་འགན་གང་དག་སྒྲུབ་དགོས་སམ། 
  1.ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་དང་། 
  2.དགེ་རྒན་ལ་བརྩི་བཀུར་གྱིས་བསམ་བློ་ཀུན་སྤྱོད་དང་གོམས་གཤིས་ཡག་པོ་འཇགས་པ་བྱེད་དགོས། 
  3.སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་གཏན་འཁེལ་བྱས་པའི་སློབ་སྦྱོང་གི་ལས་འགན་ལེགས་གྲུབ་ཡོང་བ་བྱེད་དགོས། 
  4.སློབ་གྲྭ་དང་ཡང་ན་སློབ་གསོའི་སྒྲིག་གཞི་གཞན་གི་དོ་དམ་ལམ་ལུགས་ལ་བརྩི་སྲུང་ཞུ་དགོས།